པེ་ཅིང་ནང་རྒྱལ་དོན་དུས་ཆེན་སྐབས་སྲུང་སྐྱོབ་དམ་པོ།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་ཅུ་འཁོར་བའི་རྒྱལ་དོན་དུས་ཆེན་གྱི་མཛད་སྒོ་ལམ་ལྷོང་ཡོང་རྒྱུར་གྲ་སྒྲིག།

2009.09.06

༄༅༎རྒྱ་ནག་གཞུང་གིས་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་ཅུ་འཁོར་བའི་རྒྱལ་དོན་དུས་ཆེན་གྱི་མཛད་སྒོ་ལམ་ལྷོང་ཡོང་རྒྱུར་སྔ་རོལ་ནས་གྲོང་སྡེ་ལྷན་ཁང་དང་ཞིང་ཆེན། རང་སྐྱོང་ས་ཁུལ་བཅས་བདུན་གྱིས་རྒྱལ་ས་པེ་ཅིང་ནང་གི་སྲུང་སྐྱོབ་འགན་ལེན་ཡོང་བར་མཉམ་འབྲེལ་གྱིས་ལས་དོན་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་ཡང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་སྤྱི་དམངས་བདེ་འཇགས་འགན་འཛིན་གཞོན་པ་ཁྲེན་ཅི་པིང་གིས་པེ་ཅིང་དང་ཏན་ཇིན་ ཧེ་སྦེ་ ཧྲན་ཤི་ ཧྲན་ཏུང་ ལའོ་ནིང་ ནང་སོག་རང་སྐྱོང་ས་ཁུལ་བཅས་ཀྱིས་སྲུང་སྐྱོབ་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུའི་ལས་དོན་འཆར་གཞི་ཁག་ཐོག་མཉམ་ལས་བྱ་རྒྱུའི་གྲོས་འཆམ་བྱུང་བའི་སྐོར་བཤད་ཡོད་ཅིང་གྲོས་མཐུན་དེའི་ནང་གསལ་ལྟར་བྱས་ན་ཞིང་ཆེན་དང་གྲོང་སྡེ་ རང་སྐྱོང་ས་ཁུལ་དེ་དག་གི་དཔོན་རིགས་ནས་རྒྱལ་ས་པེ་ཅིང་ཕྱོགས་སུ་བསྐྱོད་རྒྱུའི་འགྲོ་ལམ་ཁག་ཐོག་ཞིབ་བཤེར་ནན་པོ་བྱ་རྒྱུ་དང་ཉེན་རྟོག་པས་ཞིང་ཆེན་ཁག་ཕན་ཚུན་གྱི་ས་མཚམས་བརྒྱུད་ཁྲིམས་འགལ་གྱིས་འཛུལ་ཤུགས་བྱེད་མཁན་བཀག་འགོག་ལས་དོན་མཉམ་ལས་བྱ་རྒྱུ་མ་ཟད་ཉེན་ཁ་ཅན་གྱི་བྱ་སྤྱོད་ཁག་བཀག་འགོག་བྱ་རྒྱུ་དང་ལྷག་པར་དུ་གྲོང་གསེབ་ས་ཁུལ་ནས་མི་མང་པོ་ཞིག་གྲོང་ཁྱེར་ནང་དུ་འཕྲལ་སེལ་ལས་ཀ་བྱེད་དུ་ཡོང་བ་དེ་དག་ཐོག་གི་སྒྲིག་སྲོལ་ཚུལ་མཐུན་ལག་བསྟར་བྱ་རྒྱུ་བཅས་ཡིན་པ་བཤད་ཡོད་པ་དང་ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་ཅུ་འཁོར་བའི་དུས་ཆེན་ཟིན་པ་ཟླ་བ་གཅིག་ཙམ་ལས་མེད་པའི་སྐབས་དེར་ཞིང་ཆེན་དང་ས་གནས་ཁག་བདུན་གྱི་དཔོན་རིགས་ཚོས་ངེས་པར་དུ་དུས་ཆེན་གྱི་མཛད་སྒོ་དེ་ཞི་འཇམ་ལྡན་པའི་ལམ་ལྷོང་ཡོང་རྒྱུར་འགན་ལེན་ཡོང་བར་བྱ་རྒྱུ་དེ་ནི་ནུས་ཤུགས་མཉམ་འབྲེལ་དང་འབྲེལ་ལམ་གཟབ་པོའི་སྒོ་ནས་མཉམ་ལས་བྱ་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎