མཚོ་བོད་མཐོ་སྒང་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་གཞི།

རྒྱ་ནག་དབུས་གཞུང་གིས་བོད་དང་མཚོ་སྔོན་ཞིང་ཆེན་མཐོ་སྒང་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་གཞིར་ཆོག་མཆན་སྤྲད་ཡོད་འདུག

2011.03.30

༄༅༎རྒྱ་ནག་དབུས་གཞུང་གིས་བོད་དང་མཚོ་སྔོན་ཞིང་ཆེན་མཐོ་སྒང་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་གཞིར་ཆོག་མཆན་སྤྲད་ཡོད་འདུག

རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཀྱི་ལྷན་ཚོགས་ཐོག་བོད་ནང་མཚོ་སྔོན་གྱི་མཐོ་སྒང་ས་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུའི་མ་འོངས་ལོ་ངོ་བཅུ་གྲངས་གཉིས་རིང་གི་ལས་དོན་འཆར་གཞིའི་ཐོག་གྲོས་མོལ་བྱས་པ་བརྒྱུད་འདི་རིང་གཟའ་ལྷག་པའི་ཉིན་འཆར་གཞི་དེར་གྲོས་ཐག་བྱུང་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག    གནས་ཚུལ་ནང་མུ་མཐུད་འཁོད་པར་གཞིགས་ན་ ལྷན་ཚོགས་དེ་བཞིན་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་གཙོ་སྐྱོང་གནང་ཡོད་པ་དང་ རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་གྱི་ཁོར་ཡུག་ལ་སྲུང་སྐྱོབ་ཅེས་པའི་ལས་འཆར་དེའི་ནང་ བོད་དང་མཚོ་སྔོན་ ཡུན་ནན་ ཀན་སུའུ་  ཤིན་ཅང་བཅས་མངའ་ཁུལ་ནང་མ་འོངས་ལོ་ངོ་བཅུ་གྲངས་གཉིས་ཙམ་རིང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་སྐྱེས་དངོས་གནས་སྟངས་རིག་པ་བདེ་འཇགས་ཐོག་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད་ ལྷན་ཚོགས་ཀྱི་རྗེས་ལྷན་ཚོགས་སྐོར་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་ཡོད་པའི་ནང་ ད་རེས་རྒྱ་ནག་དབུས་གཞུང་གིས་མཐོ་སྒང་དང་ནུབ་ཕྱོགས་ས་ཁུལ་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུའི་ལས་འཆར་ལ་གྲོས་མོལ་གནང་ཏེ་ གྲོས་ཐག་བྱུང་བ་དེས་ཁོར་ཡུག་སྲུང་སྐྱོབ་ཙམ་མ་ཟད་དེས་མ་འོངས་ས་འཚམས་གནད་དོན་དང་མི་རིགས་གཅིག་སྒྲིལ་ སྤྱི་ཚོགས་ཀྱི་གནས་སྟངས་བཟང་དུ་འགྲོ་རྒྱུ་སོགས་ཀྱི་ཐད་དོན་སྙིང་ལྡན་པའི་འཆར་གཞི་ཞིག་ཡིན་ལུགས་འཁོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎