རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བས་ལྷ་ས་གཙོས་བོད་ནང་དམ་དྲག་ཆེན་པོ་འདུག


2019.09.30
རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ལས་འགུལ ༢༠༡༩།༩ རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ལས་འགུལ ༢༠༡༩།༩
སྤྱི་ཚོགས་དྲ་ལམ།

བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་ཐོག་རྒྱལ་སྟོན་དུས་ཆེན་སྲུང་བརྩི་ཞུ་མཁན་ཆེད་མངགས་བཀོད་སྒྲིག་བྱས་ཡོད་འདུག
བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༧༠་འཁོར་བའི་རྟེན་འབྲེལ་ཟེར་ནས་མཛད་སྒོ་ཞིག་འཚོགས་བཞིན་ཡོད་པའི་ཐོག འགྲིམ་འགྲུལ་ལ་སོགས་པ་གང་ཅིའི་ཐད་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཁོང་གིས་གསུངས་ན། ཟླ་བ་འདིའི་སྤྱི་ཚེས་༢༩་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་ཆེན་དང་འབྲེལ་བའི་མཛད་སྒོ་ཞིག་བསྐོངས་ཚོགས་ཀྱིས་ལྷ་སའི་ཉེ་འཁོར་གྱི་ཞིང་པ་དང་། འབྲོག་པ། སློབ་ཕྲུག གྲྭ་པ། གཞུང་ཞབས་སོགས་ཁྱོན་མི་གྲངས་༤༠༠༠ལྷག་འདུ་འཛོམས་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་ཡོད་ཀྱང་། གོང་ཞུས་འདུ་འཛོམས་བྱུང་པའི་མི་དམངས་ཕལ་ཆེ་བ་ནི་རྒྱ་ནག་གཞུང་གིས་ཆེད་མངགས་རྒྱལ་སྟོན་མཛད་སྒོ་ལ་ཤོག་ཟེར་ནས་བཀའ་རྒྱ་བཏང་ཏེ་ཡོང་བ་ཞིག་ཡིན་ཞིང་། དེའི་ནང་ནས་མང་ཆེ་བ་ནི་གཞུང་ཞབས་དང་སློབ་ཕྲུག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་ད་སྐབས་ལྷ་སའི་ཁུལ་དུ་རྒྱལ་སྟོན་དུས་ཆེན་ཟེར་ནས་རྒྱ་ནག་གཞུང་གིས་ཚོགས་འདུའི་རིགས་མང་པོ་ཞིག་འཚོགས་བཞིན་ཡོད་པའི་ཁར། མི་རྣམས་ཕར་འགྲོ་ཚུར་འོང་བྱེད་པར་དམ་དྲག་ཤུགས་ཆེ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ཕོ་བྲང་པོ་ཏ་ལའི་མདུན་ངོས་སུ་མོ་ཊའི་རིགས་འགྲོ་བར་བཀག་འགོག་བྱེད་བཞིན་པ་ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཁ་ལོ་བ་ཞིག་གིས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་ཆེན་ཟེར་བ་འདི་ནི།  བོད་པའི་ལོ་རྒྱུས་ནང་ལ་མུན་ནག་གི་དུས་ཤིག་ཆགས་ཀྱི་ཡོད་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུངས་ཡོད་པ་དང་། འདས་པའི་མི་ལོ་༧༠་ལ་ང་ཚོས་ཕྱིར་མིག་ཤིག་བལྟས་པ་ཡིན་ན། ཕྱི་ལོ་༡༩༥༡་ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཙན་གྱིས་བཞག་སྟེ། བོད་མིར་རང་དབང་སྤྲོད་རྒྱུ་ཡིན་ལུགས་བཀོད་ཡོད་ཀྱང་། འདས་པའི་མི་ལོ་༦༠་ལྷག་རིང་བོད་མི་ཚོ་སོ་སོའི་ལུང་པར་རང་དབང་མེད་པ་གནས་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པས་རང་ཉིད་ཀྱི་དབང་ཆ་དེ་མུ་མཐུད་ནས་རྒྱུན་སྐྱོང་སླད་མི་མང་ལ་ཡང་ཆབ་སྲིད་ཀྱི་དྲིལ་བསྒྲགས་འདྲ་མིན་བྱེད་བཞིན་ཡོད་པ་ལས་མི་དམངས་ཀྱི་བདེ་སྡུག་དཀའ་ངལ་ཞུ་གཏུགས་བྱེད་སའི་གཞུང་ཞིག་མིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་ཤེས་ཡོན་སྲིད་བྱུས་ཐོག་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས། འདས་པའི་མི་ལོ་༧༠་རིང་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་སྐད་ཡིག་སོགས་ནུས་མེད་བཟོ་ཐབས་སྣ་ཚོགས་བྱས་ཡོད་ཅིང་། ལྷག་པར་དུ་དེང་སྐབས་བོད་ཀྱི་སྐད་ཡིག་དེ་བཀོལ་སྤྱོད་མེད་པ་བཟོ་རྒྱུ་སོགས་སྲིད་བྱུས་དུ་མ་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་བརྗོད་ཀྱི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎