རྒྱ་ནག་གི་རྩོམ་པ་པོ་གཉིས་ལ་ཉེས་བཙུགས།

རྒྱ་མིའི་རྩོམ་པ་པོ་༢་ལ་མེ་ཏོག་ཀུན་དྰའི་དམངས་གཙོའི་ལས་འགུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་དང་ཉེས་བཙུགས།

2011.03.29

༄༅༎རྒྱ་ནག་གི་ཉེན་རྟོག་པས་རྒྱ་ནག་གི་རྩོམ་པ་པོ་རན་ཡུན་ཕེ་དང་ ཏིང་མའོ་གཉིས་ཟི་ཁྲོན་ཞིང་ཆེན་ནང་ཟླ་བ་སྔོན་མ་འཛིན་བཟུང་བྱས་ཏེ་ད་ཆ་དངོས་སུ་མེ་ཏོག་ཀུན་དྰའི་དམངས་གཙོའི་ལས་འགུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་རྒྱ་ནག་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་པ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ཀྱིས་དེ་རིང་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད་ ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྟེ་གནས་ཁང་གིས་བརྗོད་དོན་ལྟར་ན་ ཨ་རབ་མི་རིགས་ཀྱི་རྒྱལ་ཁབ་ཁག་ནང་དེང་སྐབས་མེ་ཏོག་ཀུན་དྰའི་དམངས་གཙོའི་ལས་འགུལ་སྤེལ་བཞིན་པ་ནས་དཔེ་བླངས་ཏེ་ རན་ཡུན་ཕེ་དང་ ཏིང་མའོ་གཉིས་ཀྱིས་རྒྱ་ནག་ནང་ལའང་སྲིད་དབང་མགོ་རྟིང་སློག་རྒྱུའི་དམིགས་ཡུལ་བཟུང་སྟེ་ དེ་འདྲ་བའི་ལས་འགུལ་སྤེལ་རྒྱུའི་ཀུན་སློང་སྤེལ་གྱི་ཡོད་ལུགས་ རྒྱ་ནག་གཞུང་གིས་ནག་ཉེས་བཙུགས་ཡོད་པ་རེད་ ཡང་དྲ་རྒྱའི་ཐོག་ལ་བསམ་ཚུལ་བཏོན་མཁན་ཏིང་མའོ་ཡིས་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གི་དམངས་གཙོའི་ལས་འགུལ་ནང་ལའང་མཉམ་ཞུགས་བྱས་པར་བརྟེན་སྐབས་དེར་ཁོང་བཙོན་འཇུག་བྱས་པ་རེད་ཅེས་ཀྱང་ཚོགས་པ་དེ་ཡིས་བརྗོད་འདུག

རྩོམ་པ་པོ་དང༌རྩོམ་བྲིས་དུས་དེབ་ཀྱི་རྩོམ་སྒྲིག་པ་རན་ཕུན་ཕེའི་ཐོག་ལ་བཀལ་བའི་ནག་ཉེས་དེ་བཞིན་ཁོང་གི་སྐུ་ཟླར་གཟའ་ཟླ་བའི་ཉིན་སྤྲད་ཡོད་པ་རེད་ འོན་ཀྱང་རྒྱ་ནག་ནང་མེ་ཏོག་ཀུན་དའི་དམངས་གཙོའི་འབོད་སྒྲ་དང་ རན་ཕུན་ཕེའི་དབར་འབྲེལ་བ་ག་རེ་ཡོད་མེད་གསལ་པོ་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎