རྒྱ་ནག་གིས་གསང་འཕྲིན་སྒྲུབ་ཐབས་ལ་ཨ་རིས་སེམས་འཚབ།
2011.03.11
༄༅༎ཨ་རིའི་རྒྱལ་ཡོངས་གསང་ལས་ཚན་པའི་སྤྱི་ཁྱབ་འགན་འཛིན་ཇེམ་སིས་ཁེབ་སྤར་གྱིས་ རྒྱ་ནག་གཞུང་གིས་ཀམ་པུ་ཊར་འཕྲུལ་ལས་དང་འབྲེལ་བའི་དམག་གྲ་དང་གསང་གནས་མཁོ་གྲུབ་ལ་ཧུར་བཙོན་ཤུགས་ཆེ་བྱེད་སྟངས་དེས་ཨ་རིའི་གཞུང་ལ་བློ་འཚབ་ཀྱི་རང་བཞིན་ཆེན་པོ་ཞིག་གྱུར་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད་
དེ་ཡང་ཨ་རིའི་རྒྱལ་ཡོངས་གསང་ལས་ཚན་པ་ཁག་གི་སྤྱི་ཁྱབ་འགན་འཛིན་ཇེམ་སིས་ཁེབ་སྤར་གྱིས་ཁ་ས་ཨ་རིའི་གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་གི་ཉན་ཞིབ་ལ་རྒྱ་ནག་གཞུང་གིས་ཀམ་པུ་ཊར་ཏར་འཕྲིན་གྱི་གནས་ཚུལ་མཁོ་སྒྲུབ་ཀྱི་ལས་དོན་ལ་འགྲོ་གྲོན་ཕོན་ཆེ་གཏོང་བཞིན་གསང་གནས་མཁོ་སྒྲུབ་ཤུགས་ཆེ་བྱེད་བཞིན་པའི་ཚོར་བ་ཞིག་ཡོང་གི་ཡོད་པ་ངོ་སྤྲོད་གནང་ཡོད་པ་དང་ ཁོང་གིས་དཔེ་མཚོན་དུ་ སྔར་ལོ་༢༠༡༠་ཕྱི་ཟླ་༤་པའི་ནང་རྒྱ་ནག་གིས་ཁ་དཔར་ཏར་འཕྲིན་ལས་ཁུངས་ཀྱིས་ཏར་འཕྲིན་གྱི་བརྒྱུད་ལམ་ནོར་པ་ཞིག་དྲིལ་བསྒྲགས་ཀྱི་རྗེས་སུ་དུས་ཡུན་ཀརྨ་༡༧་ཙམ་གྱི་རིང་ཨ་རི་དང་ཕྱི་རྒྱལ་གྱི་དྲ་རྒྱའི་འབྲེལ་འཐུད་ཡོངས་རྫོགས་ལྟ་བུ་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་བརྒྱུད་འགྲོ་དགོས་པ་ཞིག་ཁ་བསྒྱུར་བྱས་ཡོད་ཅེས་དང་ སྐབས་དེར་ཨ་རིའི་ཞི་དྲག་གི་ལས་ཁུངས་ཁག་དང་ཨ་རིའི་ནང་གི་བཟོ་ཚོང་ལས་ཁང་ཆེ་ཁག་༥༠༠་ཡོངས་རྫོགས་ཀྱི་ཏར་འཕྲིན་འགྲོ་ལམ་ལ་ཤུགས་རྐྱེན་སྤྲས་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད་