རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ལ་རྣམ་པ་བཏོན་ཐབས།

ཕྱི་ཕྱོགས་ལ་ཕྱི་གསལ་ནང་གསལ་གྱི་རྣམ་པ་བཏོན་ཐབས་སུ་རྒྱ་ནག་གི་བདེ་འཇགས་ལས་དོན་ལྷན་ཁང་གིས་དྲ་རྒྱ་གསར་པ་འགྲེམས་སྤེལ།

2009.08.20

༄༅༎རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ལ་ཕྱི་གསལ་ནང་གསལ་གྱི་རྣམ་པ་བཏོན་ཐབས་སུ་རྒྱ་ནག་གི་བདེ་འཇགས་ལས་དོན་ལྷན་ཁང་གིས་དྲ་རྒྱ་གསར་པ་འགྲེམས་སྤེལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

གསར་དུ་འགྲེམས་སྤེལ་བྱས་པའི་དྲ་རྒྱ་དེའི་ཐོག་དམག་དོན་དང་འབྲེལ་བའི་གཞུང་འབྲེལ་གྱི་དཔར་རིགས་དང་བརྙན་དཔར།དྲག་པོའི་སྒྲིག་འཛུགས་ཀྱི་སྟོབས་ཤུགས་དང་འབྲེལ་བའི་སྡོམ་རྩིས་དང་ལོ་རྒྱུས་དེ་བཞིན་རྒྱལ་ནང་སྲུང་སྐྱོབས་ཀྱི་སྲིད་ཇུས་བཅས་ཀྱི་སྐོར་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀའི་ཐོག་ལྟ་རྒྱུ་ཡོད་པ་རེད། རྒྱ་ནག་གི་བདེ་འཇགས་ལས་དོན་ལྷན་ཁང་གིས་དྲ་རྒྱ་སྒོ་འབྱེད་བྱེད་པའི་གསལ་བསྒྲགས་ནང་བདེ་འཇགས་ལས་དོན་ལྷན་ཁང་གི་དྲ་རྒྱ་འགྲེམས་སྤེལ་བྱས་པ་དེ་ཕྱི་ཕྱོགས་ཀྱིས་རྒྱ་ནག་གི་བདེ་འཇགས་དང་འབྲེལ་བའི་སྲིད་ཇུས་གོ་རྟོགས་འཕེལ་ཐབས་དང་ཆབས་ཅིག་རྒྱ་ནག་ནང་ཁུལ་དུ་དྲག་པོའི་སྒྲིག་འཛུགས་དེང་རབས་ཅན་དུ་བསྒྱུར་ཐབས་ཀྱི་རྣམ་པ་གསལ་འདོན་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ཉིས་སྟོང་དྲུག་ནས་བཟུང་རྒྱ་ནག་གཞུང་གི་རྒྱ་ནག་གི་དམག་དོན་གྱི་ལོ་འཁོར་སྔོན་རྩིས་ལྡབ་ལོག་འཕར་མ་སྣོན་འཇོག་བྱས་ཡོད་པ་དང་ཆབས་ཅིག་སྔོན་རྩིས་དེ་དག་གི་ལས་དོན་ཕྱི་གསལ་ནང་གསལ་གང་ཡང་མེད་པར་སོང་ཕྱི་ཕྱོགས་ནས་རྒྱ་ནག་གི་དམག་དོན་གྱི་དམིགས་ཡུལ་ཇི་ཡིན་སྐོར་བློ་འཚབ་བྱ་ཡུལ་དུ་གྱུར་ཡོད་པ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་བློ་འཚབ་ཞི་འཇམ་བཟོ་ཐབས་སུ་ཕྱི་གསལ་ནང་གསལ་ཡོད་ཚུལ་གྱི་རྣམ་པ་མཚོན་ཆེད་རྒྱ་ནག་གི་བདེ་འཇགས་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཞེས་ལོ་རྒྱུས་ནང་ཐོག་མ་ཞིག་བསྐོ་བཞག་བྱས་ཡོད་པ་དང་ཡང་ཟླ་བ་སྔོན་མ་རྒྱ་ནག་བཅིངས་འགྲོལ་དམག་གི་རྟེན་གཞིར་ཕྱི་རྒྱལ་གསར་འགོད་པའི་ལྟ་སྐོར་གོ་སྒྲིག་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎