བོད་དུ་སྤུལ་སྐུ་ཕུར་བུ་ཚེ་རིང་ལ་ཁྲིམས་ཞིབ་ནར་འགྱངས།

བོད་མདོ་ཁམས་དཀར་མཛེས་ཁུལ་གྱི་སྤུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེར་ཁྲིམས་ཐག་གཅོད་རྒྱུ་ཕར་འགྱངས་བྱས་ཡོད་པིའ་གནས་ཚུལ་ཐོན་འདུག

2009.04.28

༄༅༎ན་ནིང་ལོའི་ཕྱི་ཟླ་གསུམ་པའི་ནང་མདོ་ཁམས་དཀར་མཛེས་ཁུལ་གྱི་བོད་ཀྱི་བཙུན་མ་ཚོས་ཞི་བའི་ལས་འགུལ་སྤེལ་བའི་དོན་རྐྱེན་སྐབས་སྤུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེའི་གཟིམ་ཤག་ནང་ནས་མེ་མདའ་སོགས་གོ་མཚོན་འདོན་ཡོད་ལུགས་རྒྱ་ནག་གཞུང་གིས་རིན་པོ་ཆེར་ཟླ་བ་འདིའི་ཚེས་ཉི་ཤུ་གཅིག་ཉིན་སྐྱོན་འཛུགས་བྱས་ཡོད་པས་མ་ཚད་རྒྱ་ནག་གི་ཁྲིམས་བཤེར་བས་རིན་པོ་ཆེས་འཛིན་སྐྱོང་གནང་བའི་རྒན་གསོ་ཁང་གི་སྤྱི་དངུལ་དང་ས་ཁང་སོགས་རིན་པོ་ཆེས་སྒེར་སྤྱོད་བྱས་ཡོད་ལུགས་ནག་ཉེས་ཡང་བཙུག་ཡོད་པར་བརྟེན་ཐོག་མའི་འཆར་གཞི་གཞིར་བཟུང་བྱས་ན་ནག་ཉེས་དེ་ཚོའི་ཐད་རྒྱ་ནག་གི་ས་གནས་ཁྲིམས་ཁང་གིས་དེ་རིང་རེས་གཟའ་མིག་དམར་ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་དང་གལ་ཏེ་ཕུར་བུ་ཚེ་རིང་རིན་པོ་ཆེར་བཙུགས་པའི་ནག་ཉེས་དེ་ཚོར་རྒྱ་ནག་གི་ཁྲིམས་ཁང་གིས་ཁུངས་སྐྱེལ་ར་འཕྲོད་བྱས་ཚེ་རིན་པོ་ཆེར་མི་ལོ་བཅོ་ལྔའི་རིང་བཙོན་འཇུག་ཉེས་ཆད་འགེལ་སྲིད་པ་ཡིན་པ་རེད། འོན་ཀྱང་རིན་པོ་ཆེའི་ཁྲིམས་རྩོད་པ་རྒྱ་རིགས་ལིའི་ཕང་པིན་གྱིས་བརྗོད་དོན་ལྟར་ན་དར་རྩི་མདོའི་མི་མང་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པས་ཁོང་ལ་ཁ་ས་ཁ་དཔར་བརྒྱུད་རིན་པོ་ཆེར་ཁྲིམས་ཐག་གཅོད་རྒྱུ་ཕར་འགྱངས་བྱས་པ་རེད་ཅེས་གནས་འབྲེལ་བྱས་ཡོདཔ་རེད། ཡིན་ནའང་ཁྲིམས་ཐག་གཅོད་རྒྱུའི་ཟླ་ཚེས་གསར་པ་ག་དུས་ཐག་གཅོད་བྱས་ཡོད་མེད་ཐད་གསལ་བཤད་གང་ཡང་བྱས་ཡོད་པ་མ་རེད། རྒྱ་ནག་གི་ཁྲིམས་ཀྱི་ཐད་ལ་དཔྱད་ཞིབ་བྱེད་མཁན་ཚོས་བརྗོད་དོན་ལྟར་ན་རིན་པོ་ཆེར་ཁྲིམས་ཐག་གཅོད་རྒྱུ་ཕར་འགྱངས་བྱས་པ་ནི་སྤྱིར་བཏང་བྱས་ན་ཆེས་དཀོན་པོ་ཡིན་པ་དང་རྒྱ་ནག་གཞུང་གིས་རིན་པོ་ཆེར་བཙུགས་པའི་ནག་ཉེས་དེ་ཚོའི་ཐད་འཛམ་གླིང་ནང་དྲིལ་བསྒྲགས་རྒྱ་ཆེ་ཐོན་བཞིན་པའི་ཤུགས་རྐྱེན་སླེབས་ཡོད་པ་མཚོན་གྱི་ཡོད་པ་དང་རིན་པོ་ཆེའི་རྒྱ་རིགས་ཁྲིམས་རྩོད་པ་ལིའི་ཕང་པིན་གྱིས་ཀྱང་མཐོང་ཕྱོགས་དེ་ལྟར་འཛིན་གྱི་ཡོད་པ་རེད། ཁ་ཅིག་གིས་བལྟས་ན་རིན་པོ་ཆེ་ཉིད་ཀྱིས་རང་ཉིད་ཀྱི་སྲུང་སྐྱོབས་དོན་དུ་ཁྲིམས་རྩོད་པ་ཞིག་འདེམས་བསྐོ་གནང་ཐུབ་པ་དང་རིན་པོ་ཆེ་ཉིད་ཀྱིས་རྒྱ་སྐད་མཁྱེན་གྱི་ཡོད་པའི་བག་ཆགས་ལ་བརྟེན་ནས་རྒྱ་མི་ཞིག་ཁྲིམས་རྩོད་པར་བསྐོ་འདེམས་གནང་ཐུབ་པའི་བག་ཆགས་ལ་ཐུག་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎