སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ།


2013.06.30
ཡུལ་ཤུལ་འཇང་དགུན་ཆོས་སྐབས་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ།
བོད་ནས་བཏང་འབྱོར།

༄༅༎ཉེ་ཆར་བོད་ཀྱི་ས་ཁུལ་ཁག་ཅིག་ནང་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིམ་གཤོམ་བྱ་ཆོག་པ་དང། ༸གོང་ས་མཆོག་ལ་མཚན་སྨོད་་ཞུ་མི་དགོས་པ། དགོན་པའི་ནང་དུ་འགྲེམས་འཇོག་བྱས་པའི་དམག་མི་ཉུང་དུ་བཏང་བའི་གནས་ཚུལ་ཐོན་པར་བརྟེན་ནས་ཁག་ཅིག་གིས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་ངོས་འཛིན་བྱེད་མཁན་བྱུང་ཡོད་ཀྱང་ཕྱི་ཟླ་༦ཚེས་༢༨ ཉིན་ཨིན་ཇིའི་BBC དང་ཕ་རེནས་གསར་འགྱུར་ལས་ཁང་ལ་རྒྱ་ནག་དབུས་ཆོས་ལུགས་ལས་དོན་ཁང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་པའི་སྐོར་གྱི་མགྱོགས་འཕྲིན་ཞིག་བཏང་ཡོད་པའི་སྐོར་བཀོད་སྤེལ་བྱས་ཡོད་པ་རེད།
བར་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཅིག་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་པའི་བཀོད་ཁྱབ་བཏང་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཁ་ཤས་ཐོག་བཀོད་སྤེལ་བྱས་པ་མ་ཟད། རྒྱལ་སྤྱིའི་སྐད་ཡིག་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་བཀོད་སྤེལ་བྱས་ཡོད་པའི་ཁར་ད་དུང་བོད་ཀྱི་ས་ཁུལ་གཞན་དག་ནང་ལའང་སྲིད་ཇུས་དེ་བརྒྱུད་བསྒྲགས་བྱ་རྒྱུའི་འཆར་གཞི་ཡོད་ལུགས་ཀྱི་གནས་ཚུལ་བཀོད་སྤེལ་བྱས་ཡོད་ལ་གནས་ཚུལ་དབྱེ་ཞིབ་པ་ཁག་ཤས་ཀྱིས་ཀྱང་འགྱུར་བ་དེ་ནི། བློ་ཡུལ་ལས་འདས་པའི་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་བཏང་བ་དེ་ཡིས་བོད་ནང་གི་ཛ་དྲག་གི་དཀའ་ངལ་ཞི་འཇམ་དུ་འགྲོ་རྒྱུ་ཡིན་པའི་ཚོད་དཔགས་ཀྱང་གནང་མཁན་བྱུང་ཡོད་པ་རེད། འོན་ཀྱང་རྒྱ་ནག་དབུས་ཆོས་ལུགས་ལས་དོན་ཁང་གིས་ཨིན་ཇིའི་བརྙན་འཕྲིན་ལས་ཁང་BBC ལ་མགྱོགས་འཕྲིན་ཐོག་གནས་ཚུལ་ཞིག་མཁོ་སྤྲོད་བྱས་པ་ཞིག་ཕྱི་ཟླ་༦ཚེས་༢༨ རེས་གཟའ་པ་སངས་ཉིན་BBC གསར་འགྱུར་ལས་ཁང་གིས་གསར་འགྱུར་ཐོག་བཀོད་སྤེལ་བྱས་པའི་ནང། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ཁ་གསལ་དང་བརྟན་པོ་རེད། ཏཱ་ལའི་བླ་མའི་སྐུ་པར་སྒྲིག་གཤོམ་ཆོག་པའི་སྲིད་ཇུས་དེ་འདྲ་ཞིག་རྩ་བ་ནས་ལག་བསྟར་བྱས་མེད་ཅེས་བཀོད་ཡོད་པ་ལུགས་ལུང་འདྲེན་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎