རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཇེ་ཆེར་བཏང་འདུག


2017.03.14
རྒྱ་གཞུང་གིས་རྨ་ལྷོ་རེབ་གོང་ཕྱོགས་སུ་ཉེན་རྟོག་པ་དང་དམག་མི་མང་པོ་འགྲེམས་འཇོག་བྱས་བའི་ཡུལ་དངོས། ༢༠༡༧།༣།༡༡ རྒྱ་གཞུང་གིས་རྨ་ལྷོ་རེབ་གོང་ཕྱོགས་སུ་ཉེན་རྟོག་པ་དང་དམག་མི་མང་པོ་འགྲེམས་འཇོག་བྱས་བའི་ཡུལ་དངོས། ༢༠༡༧།༣།༡༡
བོད་འབྱོར།

རྒྱ་གཞུང་གིས་གསུམ་བཅུའི་དུས་དྲན་ནས་བཟུང་རྨ་ལྷོ་རེབ་གོང་ཕྱོགས་སུ་ཉེན་རྟོག་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་ཇེ་ཆེར་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་༡༠་གསུམ་བཅུའི་དུས་དྲན་ནས་བཟུང་རྒྱ་ནག་གཞུང་གིས་རྨ་ལྷོ་ཁུལ་ཐོག་དང་། རེབ་གོང་རོང་བོ་དགོན་པའི་ཉེ་འཁོར། ལམ་མདོ་ཁག་དང་སྲིད་གཞུང་ལས་ཁུངས་ཁག་གི་སྒོ་འགྲམ་བཅས་སུ་ཉིན་མཚན་བསྟུད་མར་དྲག་ཆས་ཉེན་རྟོག་པ་དང་། དམག་མི། སྒྲིག་ཆས་མ་གྱོན་པའི་སྐོར་སྲུང་མི་སྣ་བཅས་གང་སར་དཀྲམ་ནས་སྲང་ལམ་དང་། གནད་འགག་ཆེ་བའི་ས་གནས་སོགས་སུ་འགག་སྒོ་བཙུགས་པ་དང་། ལག་ཏུ་མེ་གསོད་འཕྲུལ་ཆས་དང་མེ་མདའ་སོགས་བཟུང་ནས་མི་མང་ཐོག་ལ་དམ་དྲག་བྱེད་ཀྱིན་པར་མ་ཟད། མི་ཚོགས་འཛོམས་ས་དང་། ཟ་ཁང་། མགྲོན་ཁང་སོགས་སུ་རྫོང་ཁག་གཞན་ནས་ཕེབས་པའི་བོད་མི་ཚོར་དམིགས་བསལ་བལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་འདུག
ལྷག་པར་དུ་མགྲོན་ཁང་དུ་ཉེན་རྟོག་པ་དངོས་སུ་ཡོང་ནས་ཐོ་གཞུང་ལ་ཞིབ་བཤེར་གྱིས་ཐོབ་ཐང་ལག་ཁྱེར་ཐོ་འགོད་བྱེད་པ་དང་དོགས་པ་ཡོད་ཚེ་སྡོད་ཁང་ནང་དུ་སྔོག་གཤེར་སོགས་བྱེད་ནས་བསུན་གཙེར་སྣ་ཚོགས་བྱེད་ཀྱིན་ཡོད་འདུག་ལ། དེ་བཞིན་རྒྱ་གར་ནས་བོད་ལ་མཉེན་འཕྲད་ལ་ཡོང་བ་རྣམས་ཉེན་རྟོག་པས་རེབ་གོང་རྫོང་ཐོག་ཏུ་གང་འདོད་འགྲོ་མི་ཆོག་པ་དང་གལ་ཏེ་འགྲོ་དགོས་བྱུང་ཚེ་ས་གནས་གྲོང་རྡལ་ལས་ཁུངས་ནས་ཆོག་ཆན་ཞུ་དགོས་ཚུལ་སོགས་ངོ་སྤྲོད་གནང་བྱུང་།
སྤྱིར་བཏང་རྒྱ་ནག་གཞུང་གིས་སྤྱི་ཟླ་གསུམ་པའི་ནང་བོད་སྤྱི་ཡོངས་དང་མཐའ་མཚམས་བཅས་སུ་བོད་མིས་ཆབ་སྲིད་ཀྱི་ངོ་རྒོལ་རིགས་ཡོང་བར་དྭོགས་ནས་ཕྱི་ནང་གསང་གསུམ་ནས་དམ་དྲག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎