ཨ་མི་རི་ཀའི་ནང་སོ་ཉུལ་གྱི་ཉེས་ཅན་རྒྱ་རིགས་ཤིག་སྐོར།

རྒྱ་ནག་གིས་ཨ་རིའི་ནང་གི་རྒྱ་མི་རིགས་ཤིག་སོ་ཉུལ་བ་ཡིན་པའི་ནག་ཉེས་ཕོག་པ་དེ་རྫུན་བཟོ་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

2009.07.20

༄༅༎རྒྱ་ནག་གིས་ཨ་རིའི་ནང་གི་རྒྱ་མི་རིགས་ཤིག་སོ་ཉུལ་བ་ཡིན་པའི་ནག་ཉེས་ཕོག་པ་དེ་རྫུན་བཟོ་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་ཨ་མི་རི་ཀའི་ནང་རྒྱ་མི་རིགས་ཤིག་གིས་བཟོ་ཚོང་ལས་ཁང་གི་གསང་བ་རྐུ་འཁྱེར་བྱས་ནས་རྒྱ་ནག་ལ་སྤྲད་པའི་ནག་ཉེས་ཅེས་པ་དེ་ཆེད་མངགས་རྫུན་བཟོ་བྱས་པ་ཞིག་ཡིན་པ་རེད་ཅེས་གནས་ཚུལ་བཀོད་ཡོད་པ་རེད།

བདུན་སྔོན་མ་དེར་ཨ་རིའི་ཁྲིམས་ཁང་ཞིག་གིས་རྒྱ་རིགས་ཏོང་ཕན་ཀྲུང་ཨ་རིའི་སྦོ་ཨིང་བཟོ་ཚོང་ལས་ཁང་ནང་ལོ་མང་རིང་ལས་ཡུན་སྐབས་བཟོ་ཚོང་ལས་ཁང་དེའི་གསང་བའི་གནས་ཚུལ་ཁག་རྒྱ་ནག་ལ་མཁོ་སྤྲོད་བྱས་པའི་ནག་ཉེས་ཕོག་པ་མ་ཟད་ཁོ་པས་ཨ་རིའི་མཁའ་དབྱིང་ལས་ཁང་ན་ས་ཡི་མཁའ་དབྱིངས་གྲུ་བཏང་བའི་གནས་ཚུལ་ཁག་ཡང་རྐུ་འཁྱེར་བྱས་པའི་ནག་ཉེས་ཕོག་ཡོད་པ་རེད། ལོ་ན་༧༣ལ་སླེབས་པའི་ཀྲུང་ནི་ཨ་རིའི་ཁེ་ལི་ཕོ་ནི་ཡའི་མངའ་སྡེའི་ཨོ་རེན་སི་ཞེས་པའི་རྫོང་དེའི་ནང་གནས་སྡོད་བྱེད་མཁན་ཞིག་ཡིན་པ་དང་ཁོ་པ་ཨ་རིའི་མི་སེར་ཆགས་པ་ཞིག་ཡིན་པ་རེད། ཁོ་པ་དེ་སྔོན་རོཀ་ལྦེལ་ཨིན་ཊར་ནེ་ཤི་ནལ་ཞེས་པའི་དམག་དོན་དང་མཁའ་དབྱིངས་ལས་དོན་བཟོ་ཚོང་ལས་ཁང་དེའི་ནང་ལས་ཀ་བྱས་ཡོད་པ་དང་བཟོ་ཚོང་ལས་ཁང་དེ་༡༩༩༦ལོར་སྦོ་ཨིང་བཟོ་ཚོང་ལས་ཁང་གིས་སྤུས་གཟིགས་གནང་བ་ཞིག་ཡིན་པ་རེད། ཁོ་པ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གཉིས་པའི་ནང་འཛིན་བཟུང་བྱས་ཡོད་པ་དང་ད་ལྟ་དོ་དམ་འོག་ཡོད་བཞིན་པ་དང་ཁོ་པའི་ཉེས་ཆད་དེ་ཕྱི་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་གཏན་འཁེལ་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎