རྒྱ་ནག་ཏུ་བཟའ་ཆའི་རིན་གོང་ཇེ་ཆེར་འཕར་བ།

དེང་སྐབས་རྒྱ་ནག་ནང་བཟའ་ཆའི་རིན་གོང་ཇེ་མཐོར་འཕར་བཞིན་པ་དང་དེས་རྐྱེན་པས་ཛ་དྲག་གི་མ་དངུལ་བེད་སྤྱོད་ཡོང་ཐབས་བྱེད་འཆར།

2011.02.18

༄༅༎དེང་སྐབས་རྒྱ་ནག་ནང་བཟའ་ཆའི་རིན་གོང་ཇེ་མཐོར་འཕར་བཞིན་པ་དང་ དེས་རྐྱེན་པས་ཛ་དྲག་གི་མ་དངུལ་བེད་སྤྱོད་ཡོང་རྒྱུར་དམིགས་ནས་རྒྱ་ནག་དབུས་མི་དམངས་དངུལ་ཁང་གིས་ཕྱི་ཟླ་གཉིས་པའི་ཚེས་༢༤ནས་བཟུང་མ་དངུལ་ཟུར་འཇོག་བྱེད་ཡས་བསྡུར་ཚད་གྲངས་ཆུང་ལྔ་སྤར་ཆ་བྱ་རྒྱུ་ཡིན་པ་དངུལ་ཁང་གིས་དེ་རིང་གཟའ་པ་སངས་ཉིན་གསལ་བསྒྲགས་སྤེལ་ཡོད་པ་རེད་ རྒྱ་ནག་དབུས་དངུལ་ཁང་གིས་ད་ལོའི་ནང་མ་དངུལ་ཟུར་འཇོག་སྤར་ཆ་བྱེད་ཡས་ད་རེས་ཐེངས་གཉིས་པ་དེ་ཡིན་ཞིང་ རྒྱ་ནག་ནང་ན་ནིང་ནས་བཟུང་ཐན་པ་ཤུགས་ཆེ་བསྟེན་ནས་རྒྱ་ནག་བྱང་ཕྱོགས་ཁུལ་དུ་གྲོ་སོགས་ཀྱི་འབྲུ་རིགས་ད་ལོ་ཧ་ལམ་བསྡུ་ཡས་མེད་པའི་གནས་སྟངས་ཆགས་ཡོད་པ་དང་ དེས་རྐྱེན་པས་ན་ནིང་ནས་རྒྱ་ནག་ཁྱོན་ཡོངས་སུ་བཟའ་ཆའི་རིན་གོང་ཇེ་མཐོར་འཕར་ནས་ད་དུང་ཡང་མུ་མཐུད་ནས་ཉིན་ལྟར་བཟའ་ཆའི་རིན་གོང་འཕར་བཞིན་ཡོད་པ་དང་ཟླ་སྔོན་མ་རྒྱ་ནག་གཞུང་གིས་ཞིབ་རྩིས་བྱས་པ་ལྟར་ན་འབྲུ་རིགས་ཀྱི་རིན་གོང་བརྒྱ་ཆ་༡༥དང་གྲངས་ཆུང་༡ཙམ་འཕར་ཡོད་ཅིང་ དེ་བཞིན་ཤིང་ཏོག་གསོས་པའི་རིགས་ཀྱི་རིན་གོང་དེའི་གོང་ལས་བརྒྱ་ཆ་༣༤དང་གྲངས་ཆུང་བརྒྱད་ཙམ་འཕར་ཡོད་ཅིང་  དེ་མིན་ཚལ་རིགས་དང་ཤ་སོགས་བཟའ་ཆའི་རིགས་ཚང་མའི་རིན་གོང་ཇེ་མཐོར་འཕར་བཞིན་པ་དེས་ རྒྱ་ནག་གཞུང་ལ་སེམས་འཚབ་བཟོ་གཞི་ཞིག་ཆགས་ཡོད་པ་དང་རྒྱ་ནག་གི་ལོ་རྒྱུས་ནང་བཟའ་ཆའི་རིན་གོང་ཇེ་མཐོར་འཕར་བའི་རྐྱེན་གྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་་བྱུང་མྱོང་ཡོད་པར་བརྟེན་གནས་ཚུལ་དེ་རིགས་མི་ལྷག་རྒྱུར་རྒྱ་ནག་གཞུང་གིས་ཐབས་ལམ་སྣ་ཚོགས་ཀྱིས་བཟའ་ཆའི་རིན་གོང་སྟངས་འཛིན་ཐུབ་ཐབས་བྱེད་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎