རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སྔོན་དཔག་ལས་བརྒལ་འདུག

རྒྱ་ནག་གི་རྒྱལ་ཡོངས་རྒྱལ་ནང་ཐོན་སྐྱེད་ལ་བརྒྱ་ཆ་༨དང་ཚེག་༧གྱི་འཕེལ་རྒྱས་བྱུང་སྟེ་རྒྱ་ནག་གཞུང་གི་སྔོན་དཔག་ལས་བརྒལ་འདུག

2010.01.23

༄༅༎འདས་པའི་ཕྱི་ལོ་༢༠༠༩ལོའི་ནང་རྒྱ་ནག་གི་རྒྱལ་ཡོངས་རྒྱལ་ནང་ཐོན་སྐྱེད་ལ་བརྒྱ་ཆ་༨དང་ཚེག་༧གྱི་འཕེལ་རྒྱས་བྱུང་སྟེ་རྒྱ་ནག་གཞུང་གི་སྔོན་དཔག་ལས་བརྒལ་འདུག འཛམ་གླིང་གི་རྒྱལ་ཡོངས་རྒྱལ་ནང་ཐོན་སྐྱེད་ཆེ་ཤོས་གཉིས་པ་ཉི་འོང་ཡིན་མོད་ཀྱང་རིང་པོར་མ་ཐོག་པར་རྒྱ་ནག་ཉི་འོང་ལས་དཔལ་འབྱོར་སྟོབས་ཆེ་བར་འགྱུར་ཏེ་རིམ་པ་གཉིས་པར་སླེབས་བཟོ་ཡོད་པ་རེད། འདི་ལོ་ཉི་འོང་གི་དཔལ་འབྱོར་ཉམ་རྒུད་བྱུང་ཡོད་ཅིང་། ཉི་ཧོང་གི་རྒྱལ་ཡོངས་རྒྱལ་ནང་ཐོན་སྐྱེད་བརྒྱ་ཆ་༦ཙམ་མར་འཛག་ཉེན་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་མི་འབོར་ཉི་འོང་ལས་བརྡབ་བཅུ་ཙམ་མང་བ་ཡོད་པས་མི་སྒེར་སོ་སོའི་ཡོང་འབབ་ཉི་འོང་ནང་ཤིན་ཏུ་མཐོ་བོ་ཡོད་པ་དང་རྒྱ་ནག་ནང་ཤིན་ཏུ་དམའ་བོ་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གི་ཉམ་ཐག་མི་མང་ས་ཡ་༡༥༠ཙམ་ལ་ཉིན་རེའི་ཡོང་བབས་ཨ་སྒོར་གཅིག་ཙམ་ལས་མེད་པ་རེད། མདོ་དོན་རྒྱ་ནག་གི་རྒྱལ་ཡོངས་རྒྱལ་ནང་ཐོན་སྐྱེད་དང་དཔལ་འབྱོར་འཕེལ་རྒྱས་ཤིན་ཏུ་མཐོ་བོ་ཡོད་ཀྱང་རྒྱ་ནག་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། ཡང་འཛམ་གླིང་དངུལ་ཁང་གིས་ཚོད་དཔག་གནང་བར་གཞིགས་ན། འདི་ལོའི་ལོ་མཇུག་ཏུ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སླར་གསོ་ཆུང་དུ་འགྲོ་ངེས་ཤིང་།    ཕྱོགས་ཡོངས་ཀྱི་དཔལ་འབྱོར་རྒྱས་བརྒྱ་ཆ་༢དང་ཚེག་༧བྱེད་བཟོ་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཤིན་ཏུ་མཐོ་བོ་བྱུང་སྟབས། དངོས་ཟོག་སོགས་ཀྱི་རིན་ཐང་འཕར་ཆ་ཆེན་པོ་མི་ཡོང་ཆེད་དངུལ་སྐྱེད་སྤར་ཆ་དང་། རྒྱ་ནག་གི་འགྲོ་རྒྱུག་དངུལ་གྱི་རྫ་ཐང་སྤར་ཆ།    དངུལ་ཁང་སོ་སོའི་ནང་ཟུར་འཇོག་དངུལ་འབོར་སྤར་ཆ་སོགས་གཞུང་གིས་བཏང་འཛིན་བྱེད་འོས་བྱེད་ངེས་ཡིན་པ་དང་། ཡང་ཕྱི་ལོ་༢༠༣༠་ཤར་སྐབས་རྒྱ་ནག་འཛམ་གླིང་གི་རྒྱ་ཡོངས་རྒྱལ་ནང་ཐོན་སྐྱེད་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་ཉེན་ཡོད་ལུགས་དཔལ་འབྱོར་རིག་པ་བ་ཚོས་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎