བལ་ཡུལ་ནང་རྒྱ་ནག་གི་ཤེས་ཡོན་འགྲེམས་སྟོན་སྤེལ་རྒྱུ།
2010.05.09
༄༅༎བལ་ཡུལ་ནང་མའོ་ཤོག་ཁག་གིས་བར་བརྒལ་གྱི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཇུག་སྒྲིལ་ཟིན་མེད་ཀྱང་བལ་ཡུལ་ནང་རྒྱ་ནག་གི་ཤེས་ཡོན་འགྲེམས་སྟོམ་གོ་སྒྲིག་ཞུ་རྒྱུར་འགྱུར་བ་མེད་པའི་གནས་ཚུལ་ཐོན་འདུག༎
འགྲེམས་སྟོན་གོ་སྒྲིག་གནང་མཁན་ཨར་ཎི་ཀོ་སོ་སའི་ཊི་ཞེས་པའི་འགན་འཛིན་ཧ་རིསེ་ཤྭ་ཡིས་རྒྱ་ནག་གི་ཤེས་ཡོན་གྱི་འགྲེམས་སྟོན་དེར་འདས་པའི་ལོ་༢༩འིརིང་རྒྱ་ནག་གི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ལྷན་ཁང་དང་རྒྱ་ནག་གི་གཞུང་ཚབ་ཐོུང་གིས་མཐུན་འགྱུར་གནང་ཡོད་པ་ལྟར་ འགྲེམས་སྟོན་ཐེངས་བདུན་པ་དེ་རྒྱལ་ས་ཀཐ་མན་དྲུར་འདི་ཚེས་༡༥ནས་༡༦བར་གཏན་འཁེལ་ཡོད་པ་དང་འདི་ལོ་འགྲེམས་སྟོན་ནང་རྒྱ་ནག་གི་གཙུག་ལག་དང་མཐོ་རིམ་སློབ་གྲྭ་༣༦ཙམ་མཉམ་ཞུགས་ཀྱི་བཟོ་ལས་ཚན་རིག་དང་ ཚོང་དོན་ སྨན་ སྐད་ཡིག་རིག་གཞུང་བཅས་ཀྱི་བལ་ཡུལ་གྱི་སློབ་ཕྲུག་ཚོར་སློབ་ཡོན་སོགས་ཀྱི་རོགས་རམ་མཐུན་འགྱུར་བྱེད་རྒྱུ་ཡིན་ལུགས་གསུངས་གནང་འདུག
ཕྱི་ལོ་༢༠༠༣ལོར་འགྲེམས་སྟོན་འགོ་བཙུགས་པ་བཟུང་ད་བར་བལ་ཡུལ་གྱི་སློབ་ཕྲུག་མང་པོ་རྒྱ་ནག་གི་སློབ་གྲྭ་ཆེ་ཁག་ནང་བཏང་ཐུབ་དེ་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག འདི་ཚེས་༡༥ཉིན་བལ་ཡུལ་གཉིས་ཀྱི་ཤེས་ཡོན་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་གི་ཡོད་པ་དེར་ཡུལ་གཉིས་ཀྱི་མཁས་དབང་ཁག་ཅིག་གིས་གསུངས་བཤད་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག༎