རྒྱ་ནག་ཧད་ལུང་ཅང་ཞིང་ཆེན་དུ་རྡོ་སོལ་གཏེར་ཁང་འབར་གས།

རྒྱ་ནག་ཧད་ལུང་ཅང་ཞིང་ཆེན་ཁོངས་གཏོགས་ཀྱི་ཧའ་གང་རྡོ་སོལ་གཏེར་ཁ་བསྔོགས་འདོན་བྱེད་སར་འབར་གས་དོན་རྐྱེན་སྐོར།

2009.11.23

༄༅༎རྒྱ་ནག་བྱང་ཤར་ཁུལ་དུ་གནས་པའི་ཧད་ལུང་ཅང་ཞིང་ཆེན་ཁོངས་གཏོགས་ཀྱི་ཧའ་གང་རྡོ་སོལ་གཏེར་ཁ་བསྔོགས་འདོན་བྱེད་སར་ཕྱི་ཚེས་༢༡ཉིན་སོལ་རླངས་འབར་གས་བྱུང་ནས་ད་བར་མི་གྲངས་༡༠༤རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་བའི་རྗེས་  ད་རེས་ཕྱི་ཚེས་༢༣ཉིན་རྡོ་སོལ་བསྔོགས་འདོན་བྱེད་སའི་འབར་གས་དོན་རྐྱེན་ནང་རྐྱེན་འདས་སུ་ཕྱིན་པའི་ནང་མི་དང་སྤུན་མཆེད་ཚོས་  རྒྱ་ནག་གཞུང་ཕྱོགས་ནས་འབར་གས་ཀྱི་དོན་རྐྱེན་བྱུང་བའི་གནས་ཚུལ་སྐོར་ཁོང་ཚོར་གང་ཡང་འགྲེལ་བརྗོད་བྱེད་ཀྱི་མེད་ལུགས་བརྗོད་ནས་ངོ་རྒོལ་བྱས་ཏེ་ཉེན་རྟོག་པ་དང་ཕན་ཚུན་ཕྲན་བུའི་གདོང་ཐུག་གི་གནས་ཚུལ་བྱུང་ཡོད་འདུག    རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་  གོང་ཞུས་རྡོ་སོལ་བསྔོགས་འདོན་བྱེད་སར་བྱུང་བའི་འབར་གས་དོན་རྐྱེན་ནང་རྐྱེན་འདས་དང་རྨས་སྐྱོན་ཕོག་མི་ཚོའི་ནང་མི་སྤུན་མཆེད་ཚོས་དོན་རྐྱེན་གྱི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་དགོས་པའི་ངོ་རྒོལ་མ་བྱས་ཀྱི་ཉིན་གཅིག་གི་སྔོན་ རྒྱ་ནག་ལྷོ་ཕྱོགས་ཧུའུ་ནན་ཞིང་ཆེན་ཁོངས་སུ་ཡོད་པའི་རྡོ་སོལ་བསྔོགས་འདོན་བྱེད་ས་ཞིག་ལ་ཡང་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་གྲངས་༡༡རྐྱེན་ལམ་དུ་ཕྱིན་ཡོད་པར་བརྟེན་  རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེ་རིགས་ཀྱིས་རྐྱེན་པས་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་ངོ་རྒོལ་སྐད་འབོད་ཀྱི་རིགས་སྤེལ་རྒྱུར་དོགས་ཟོན་དང་དངངས་འཚབ་ཆེན་པོ་བྱེད་བཞིན་པའི་སྐོར་འཁོད་འདུག   ཧད་ལུང་ཅང་ཞིང་ཆེན་ཧའ་གང་ས་གནས་རྡོ་སོལ་བསྔོགས་འདོན་བྱེད་སར་བྱུང་བའི་འབར་གས་ཀྱི་དོན་རྐྱེན་དེའི་ནང་རྐྱེན་འདས་སུ་ཕྱིན་པ་ཚོའི་ནང་མི་སྤུན་མཆེད་ཚོས་བརྗོད་དོན་ལྟར་ན་  འབར་གས་ཀྱི་དོན་རྐྱེན་ནང་རྡོ་སོལ་བསྔོགས་འདོན་བྱེད་སའི་འབྲེལ་ཡོད་དཔོན་རིགས་གཅིག་ཀྱང་རྐྱེན་འདས་སུ་ཕྱིན་པ་དང་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་མེད་པའི་ཁར་  རྐྱེན་འདས་སུ་ཕྱིན་པའི་རྡོ་སོལ་བསྔོགས་འདོན་བྱེད་མཁན་གྱི་ནང་མི་ཚོར་ས་གནས་དཔོན་རིགས་ཚོས་དངོས་ཡོད་གནས་ཚུལ་བརྗོད་རྒྱུར་གཡོལ་ཐབས་བྱེད་ཀྱི་ཡོད་པ་མ་ཟད་  གསར་འགོད་པའི་བཅའ་འདྲིར་ལན་འདེབས་བྱ་རྒྱུར་ཡང་འགོག་ཐབས་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག    ས་གནས་སུ་གསར་འགྱུར་འགོད་མཁན་གྱི་གསར་འགོད་པས་བིའི་བིའི་སེའི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་པར་གཞིགས་ན་ འབར་གས་ཀྱི་དོན་རྐྱེན་བྱུང་སར་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་གྱི་ཉེན་རྟོག་པ་ཕུད་  དེ་མིན་སུ་ཡིན་མིན་ངོ་རྟགས་གསལ་པོ་མི་ཆོད་པའི་མི་མང་པོ་ཞིག་གིས་གསར་འགོད་པས་ས་གནས་སུ་གནས་ཚུལ་འགོད་རྒྱུར་བཀག་འགོག་བྱེད་ཀྱི་ཡོིད་པའི་སྐོར་བརྗོད་འདུག   འབར་གས་ཀྱི་དོན་རྐྱེན་བརྟག་དཔྱད་ལས་དོན་ཚོགས་ཆུང་གི་དཔོན་རིགས་ལུབ་ལིང་གིས་བརྗོད་དོན་ལ་ད་རེས་ཧའ་གང་ས་གནས་ཤིན་ཤིང་རྡོ་སོལ་བསྔོགས་འདོན་བྱེད་སར་བྱུང་བའི་འབར་གས་ཀྱི་དོན་རྐྱེན་དེ་བཞིན་ཕྱི་ལོ་༢༠༠༩ལོའི་ནང་རྒྱ་ནག་ནང་བྱུང་བའི་རྡོ་སོལ་བསྔོགས་འདོན་བྱེད་སར་འབར་གས་ཀྱི་དོན་རྐྱེན་བྱུང་བ་ཚབས་ཆེ་ཤོས་དེ་ཡིན་པ་དང་དེའི་ནང་ད་བར་མི་གྲངས་༡༠༤རྐྱེན་ལམ་དུ་ཕྱིན་ཡོད་ཅིང་མི་གྲངས་༦༥རྨས་སྐྱོན་ཕོག་ཡོད་པ་དང་ད་དུང་མི་གྲངས་བཞི་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎