འབར་མའི་གཞུང་གསར་པའི་འགོ་ཁྲིད་རྒྱ་ནག་ཏུ་འཚམས་འདྲི།

རྒྱ་ནག་གིས་འབར་མའི་རང་འབྱུང་གི་ཐོན་ཁུངས་མུ་མཐུད་མཁོ་འདོན་ཡོང་ཐབས་དམིགས་ཏེ་འབར་མའི་དབུ་ཁྲིད་ལ་ཕེབས་བསུ་ཞུས་འདུག

2011.05.27

༄༅༎འབར་མའི་གཞུང་གསར་པའི་དབུ་ཁྲིད་རེས་གཟའ་པ་སངས་ཉིན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པར་རྒྱ་ནག་ཕྱོགས་ནས་འབར་མའི་རང་འབྱུང་གི་ཐོན་ཁུངས་མུ་མཐུད་མཁོ་འདོན་ཡོང་ཐབས་ཀྱི་དམིགས་ཡུལ་ཞིག་གི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

དེ་ཡང་ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་འབར་མའི་གཞུང་གསར་པ་གསར་འཛུགས་བྱས་པ་ནས་བཟུང་འབར་མའི་སྲིད་འཛིན་ཐེཨིན་སེན་ཐེངས་དང་པོ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་ཞིག་ཡིན་ཞིང༌། ཁོང་གི་འཚམས་འདྲི་དེ་ནི་རྒྱ་ནག་དང་འབར་མ་ཡུལ་གྲུ་གཉིས་བར་གྱི་འབྲེལ་ལམ་ལ་གལ་འགངས་ཆེན་པོ་ཞིག་ཡིན་པ་རེད། དེ་རིང་རེས་གཟའ་པ་སངས་ཉིན་ཐེཨིན་སེན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གཞུང་འབྲེལ་གྱིས་ཕེབས་བསུའི་མཛད་སྒོ་ཚར་བའི་རྗེས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་དང་གྲོས་མོལ་བྱ་རྒྱུ་དང༌། ད་དུང་ཕྱོགས་གཉིས་དབར་ལ་འཕྲུལ་རིགས་དང༌། དཔལ་འབྱོར་མཉམ་ལས་ཀྱི་གྲོས་མཐུན་ཐོག་མཚན་རྟགས་སྐྱོན་རྒྱུའི་འཆར་གཞི་ཡོད་པ་རེད། འབར་མའི་དྲག་པོའི་གཞུང་གི་སྲིད་བློན་ཐེཨིན་སེན་ཡིས་དུས་ཡུན་རིང་པོར་དབང་བསྒྱུར་བྱས་པའི་རྗེས། ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་འབར་མའི་འོས་བསྡུ་ཆེན་མོ་གོ་སྒྲིག་བྱས་པ་དེ་ནི་འབར་མའི་རྒྱལ་ཁབ་དེ་དམངས་གཙོའི་ཕྱོགས་སུ་མདུན་བསྐྱོད་བྱེད་པའི་འཕེལ་རིམ་ཞིག་ཡིན་པ་ངོས་འཛིན་བྱེད་པ་དང༌། ཁོང་རང་ཉིད་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འོས་འདེམས་བྱུང་ཡོད་ཅིང༌། འོན་ཀྱང་སྐྱོན་བརྗོད་བྱེད་མཁན་ཚོས། འོས་བསྡུའི་ལས་དོན་གོ་སྒྲིག་བྱས་པ་དེ་ནི་དམག་མིའི་སྟོབས་ཤུགས་ཡོད་པའི་ཁོང་གི་ཆབ་སྲིད་ཚོགས་པ་དེས་དམག་མིའི་དབང་ཤུགས་མུ་མཐུད་རྒྱུན་གནས་ཐུབ་ཐབས་ཀྱི་དམིགས་ཡུལ་ཡིན་པ་ཤོད་ཀྱི་ཡོད་པ་མ་ཟད། དོན་ངོ་མའི་ཐོག་འབར་མའི་གྲོས་ཚོགས་དང་བློན་ཆེན་ལྷན་ཁང་ནང་ཐེཨིན་སེན་གྱི་དྲག་པོའི་གཞུང་གི་དཔོན་རིགས་ཟུར་པ་མང་བས་དབང་བསྒྱུར་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎