འཛམ་གླིང་དཔལ་འབྱོར་ཉམ་རྒུད་ཀྱིས་རྒྱ་ནག་ལ་སྡུག་རྐྱེན།

རྒྱ་ནག་ནང་ལས་ཀ་འཚོལ་མཁན་མི་གྲངས་ས་ཡ་ཉི་ཤུ་རྩ་དྲུག་ཙམ་ཞིག་ལས་མེད་ཆགས་པའི་རྐྱེན་གྱིས་སྤྱི་ཚོགས་བདེ་འཇགས་ཐོག་ཉེན་ཚབས།

2009.02.02

༄༅༎འཛམ་གླིང་ནང་དཔལ་འབྱོར་ཉམ་རྒུད་ཕྱིན་པའི་དཀའ་རྙོག་དེས་རྒྱ་ནག་ནང་རང་ཁྱིམ་གཞིས་སྤོས་བྱས་ནས་ལས་ཀ་འཚོལ་བར་འགྲོ་མཁན་མི་གྲངས་ས་ཡ་ཉི་ཤུ་རྩ་དྲུག་ཙམ་ཞིག་ལས་མེད་ཆགས་པ་དང་དེས་རྐྱེན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་བདེ་འཇགས་ཐོག་ཉེན་ཚབས་ཆགས་ཀྱི་ཡོད་སྐོར་ཡུལ་གྱི་གྲོང་གསེབ་ལས་མིའི་ལས་དོན་དང་འབྲེལ་བའི་དཔོན་རིགས་ཤིག་གིས་གསུང་འདུག

གོང་ཞུས་ལས་འཚོལ་བ་ས་ཡ་ཉི་ཤུ་རྩ་དྲུག་ལ་ལས་ཀ་མེད་པའི་གནས་ཚུལ་དེ་ཉིན་གཅིག་གོང་རྒྱ་གཞུང་གིས་འདི་ལོ་ནི་ཡུལ་ནང་ལོ་ངོ་བརྒྱ་ཕྲག་གཅིག་ནང་གི་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་དེ་ཡིན་སྐོར་དང་དཔལ་འབྱོར་གྱི་དཀའ་ངལ་སེལ་རྒྱུར་ཞིང་ལས་དང་གྲོང་གསེབ་ཁག་ཐོག་འཛུགས་སྐྲུན་ཡར་རྒྱས་གཏོང་དགོས་པའི་བསྐུལ་ལྕག་བྱས་ཡོད་པ་རེད། རྒྱ་གཞུང་ལ་གྲོང་གསེབ་ལས་དོན་ཐོག་སློབ་སྟོན་གནང་མཁན་ཞིག་གི་ཚན་པའི་འགན་འཛིན་ཁྲེན་ཞི་ལྦེན་ཡིས་ང་ཚོས་ཚོད་དཔགས་བྱས་ན་གློང་གསེབ་ལས་མེད་ཀྱི་མི་འབོར་དེ་ས་ཡ་ཉི་ཤུ་རྩ་ལྔ་ནས་རྩ་དྲུག་བར་ཆགས་ཀྱི་འདུག གློང་གསེབ་ཁག་ནང་བདེ་འཇགས་སྲུང་སྐྱོབས་ཆེད་གྲོང་གསེབ་པར་ལས་ཀ་སྤྲོད་རྒྱུ་དང་ལས་ཀའི་ནང་མུ་མཐུད་གནས་པ་བྱེད་དགོས་ཞེས་བརྗོད་འདུག རྒྱ་ནག་གུང་བྲན་ཏང་གི་དཔོན་རིགས་ཚོས་ཡུལ་གྱི་དཔལ་འབྱོར་གྱི་དཀའ་ངལ་དེས་མི་བཟོད་པའི་རྟགས་མཚན་དུ་དྲག་པོའི་དཔུང་དམག་གིས་གུང་བྲན་ཏང་གི་བཀའ་ཇི་གནང་ལ་ཉན་འཇོག་བྱེད་དགོས་པའི་བཀའ་བཏང་ཡོད་པ་རེད། དེ་སྔོན་ཡང་གོང་ཞུས་བཞིན་གུང་བྲན་ཏང་གི་དབང་ཆ་མུ་མཐུད་གནས་རྒྱུ་དང་སྤྱི་ཚོགས་བདེ་འཇགས་ཆེད་དྲག་པོའི་དཔུང་དམག་གིས་གུང་བྲན་ཏང་གི་བཀའ་ཉན་དགོས་པའི་བཀའ་རིམ་པ་བཏང་མྱོང་ཡོད་པའི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎