དཀར་མཛེས་གྲོང་དུ་ངོ་རྒོལ་སྐད་འབོད་མཁན་ལ་མེ་མདའ་རྒྱབ་སྐོར།
2008.05.29
༄༅༎ཁམས་དཀར་མཛེས་རྫོང་ཕི་ཀང་ཤང་ནས་ཡིན་པའི་བུ་མོ་རིན་ཆེན་ལྷ་མོས་ ཕྱི་ཟླ་༥པའི་ཚེས་༢༧ཉིན་ དཀར་མཛེས་གྲོང་ཁྱེར་དུ་ངོ་རྒོལ་སྐད་འབོད་བྱེད་སྐབས་ རྒྱ་ནག་གི་ས་གནས་ཉེན་རྟོག་མི་སྣས་མེ་མདའ་རྒྱབ་ནས་ ཁོང་གི་བརླ་ཤར་མེ་མདའ་ཕོག་སྟེ་ རྨས་སྐྱོན་ཚབས་ཆེ་བྱུང་ཡོད་ནའང་ སྨན་ཁང་ནང་འཕྲིད་རྒྱུའི་ཚབ་ད་དུང་བཙན་ཤེད་ཀྱིས་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་ཁ་ས་ཕྱི་ཟླ་༥པའི་ཚེས་༢༨ཉིན་ ཁམས་དཀར་མཛེས་བྲག་དཀར་དགོན་པའི་བཙུན་མ་སངས་རྒྱས་ལྷ་མོ་དང་ མཁའ་འགྲོ་ ཡི་ཤེས་ལྷ་མོ་བཅས་བཙུན་མ་གསུམ་གྱིས་དཀར་མཛེས་རྫོང་གི་གཞུངའབྲེལ་ལས་ཁང་མདུན་དུ་ངོ་རྒོལ་བྱས་མ་ཐག ཁོང་རྣམས་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག་པ་དང་ དེ་ནས་དུས་ཡུན་ཚོུད་གཅིག་ཙམ་གྱི་རྗེས་སུ་ དཀར་མཛེས་ཕི་ཀང་ཤང་ནང་གོང་གསལ་བེུད་རིན་ཆེན་ལྷ་མོ་ཞུ་བ་དེས་ བོད་རང་བཙན་གྱི་ཡིག་ཆ་འགྲེམས་སྤེལ་དང་ རྒྱ་ནག་ལ་ངོ་རྒོལ་གྱི་སྐད་འབོད་བྱེད་སྐབས་ ས་གནས་ཉེན་རྟོག་མི་སྣས་མེ་མདའ་རྒྱབ་ཡོད་འདུག