རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་པའི་དྲི་བར་ལན།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ནས་མི་མང་གིས་སྲིད་དབང་གཅིག་སྡུད་པར་མེ་ཏོག་མ་ལི་ཀའི་གྱེན་ལངས་ཞེས་པ་དེའི་གནད་དོན་སྐོར་དྲི་ལན།

2011.03.07

༄༅༎རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇའི་ཅི་ཡིས་དེང་སྐབས་རྒྱ་ནག་ནང་ཨ་རབ་ཡུལ་གྲུ་ཁག་ནང་བྱུང་བཞིན་པའི་མི་མང་གིས་སྲིད་དབང་གཅིག་སྡུད་པར་མེ་ཏོག་མ་ལི་ཀའི་གྱེན་ལངས་ཞེས་པ་དེ་བྱུང་བཞིན་པར་རྒྱ་ནག་གི་མང་ཚོགས་ཐོག་ཡང་དངངས་འཚབ་ཀྱི་གནད་དོན་དེ་ལྟར་ཡོད་མེད་ཀྱི་འདྲི་བར་དེ་ལྟར་མེད་སྐོར་ཁས་ལེན་གནང་མེད་པ་རེད་ དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཡིས་དེང་སྐབས་པེ་ཅིང་ནང་ཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཞོར་འཕྲོས་སུ་གསར་འགོད་པར་ངས་རྒྱ་ནག་ནང་དངངས་འཚབ་བྱེད་པའི་གནས་ཚུལ་དེ་འདྲ་མཐོང་མ་སོང་ཞེས་གསུང་འདུག ཡིན་ནའང་ཉེ་བའི་འཆར་རྒྱ་ནག་ནང་གོས་ཞུས་ཨ་རབ་ཡུལ་གྲུ་ཁག་ནང་བྱུང་བཞིན་པའི་མི་མང་གིས་གཞུང་མགོ་རྟིང་སློག་པའི་ངོ་རྒོལ་གྱི་ལས་འགུལ་དེ་དག་བྱུང་བཞིན་པའི་དུས་སྐབས་འདིར་རྒྱ་གཞུང་གིས་མི་མང་ཐོག་དམ་བསྒྲགས་བྱས་ནས་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་མི་ཉུང་བ་ཞིག་འཛིན་བཟུང་དོ་དམ་བྱས་ཡོད་པ་མ་ཟད་མཐའ་ན་པེ་ཅིང་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་ཉེས་རྡུང་དང་དམ་བསྒྲགས་ཆེན་པ་བྱས་དང་བྱེད་བཞིན་ཡོད་པ་རེད་   དེ་ལྟར་ནའང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཧམ་པ་ཆེན་པོའི་ཐོག་རྒྱ་ནག་མི་མང་རྣམས་རང་གི་འཚོ་བ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གནང་བཞིན་ཡོད་སྐོར་དང་གནམ་སྟོང་པ་ནས་གང་བྱུང་བཟོ་བ་དེར་འདོད་པ་མེད་སྐོར་གཏམ་བཤད་བྱས་ཡོད་པ་རེད་ ཡིན་ནའང་དེ་ལས་ལྡོག་སྟེ་ཁ་ཉིན་རེས་གཟའ་སྤེན་པ་ཉིན་སྲིད་བློན་ལྦན་ཇའི་པའོ་ཡིས་རྒྱ་ནག་ནང་ཚོར་བ་ཆེ་བའི་གནད་དོན་འགའ་ཞིག་ཐོག་མི་མང་གིས་མི་འདོད་པའི་རྣམ་འགྱུར་དེ་ཤུགས་ཆེ་པོ་ཡོད་སྐོར་གླེང་ཡོད་པ་རེད་ ཉེ་སྔོན་དྲ་རྒྱའི་ནང་རྒྱ་ནག་གི་མི་མང་ཚོས་ཡུལ་ནང་དཔལ་འབྱོར་འཁོད་སྙོམ་མེད་པ་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་བཞིན་གཞུང་ཕྱོགས་ཀྱི་འཛིན་སྐྱོང་བྱེད་ཕྱོགས་དེ་ཞན་པོ་ཡོད་པར་མི་མང་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་འབོད་བསྐུལ་གནང་བར་དེར་གཞུང་ཕྱོགས་ནས་ཞེད་སྣང་ཆེན་པོའི་ཐོག་དམ་བསྒྲགས་ཀྱི་ལས་དོན་མང་པོ་ཞིག་བཀོད་འདོམས་བྱས་དང་བྱེད་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎