རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གློད་བཀྲོལ་བཏང་བ།

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གཅིག་གློད་བཀྲོལ་བཏང་ཡང་ཁྲིམས་རྩོད་པ་གཞན་ཞིག་གར་སོང་མེད་པ་གྱུར་ཡོད་པ་རེད།

2011.05.01

༄༅༎རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཐེང་པའོ་ཉིན་གྲངས་བཅུའི་རིང་བཀག་ཉར་དོ་དམ་བྱས་པའི་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་གཞན་ཞིག་གར་སོང་མེད་པ་གྱུར་ཡོད་པ་རེད།

ཉེ་ཆར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དང་དམངས་གཙོ་དོན་གཉེར་བའི་ཐོག་རྡུང་རྡེག་གི་ལས་འགུལ་སྤེལ་བའི་ནང༌འཛིན་བཟུང་བྱས་པ་དང༌། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཚོགས་པ་ཞིག་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་བརྗོད་པར་གཞིགས་ན། ཐང་པའོ་རེས་གཟའ་པ་སངས་ཀྱི་ཕྱི་དྲོའི་ཚོུད་༣ དང་ཕྱེད་ཀ་ཙམ་ལ་ནང་དུ་ཕྱིར་ལོག་བཏང་ཡོད་པ་དང༌། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ལིང་ཕང་ཕིང་རེས་གཟའ་པ་སངས་ཀྱི་ཕྱི་དྲོའི་ཚོུད་༥ ཙམ་ལ་པེ་ཅིང་དུ་ཡོད་པའི་ཨེཛ་ནད་མནར་ཅན་གྱི་ཚོགས་པའི་ལས་ཁུངས་ནས་ཕྱིར་ཐོན་པའི་རྗེས་གར་སོང་མེད་པར་གྱུར་ཡོད་པ་རེད། ཐེང་པའོ་ཡི་བཟའ་ཟླས། ཕེ་རན་སི་གསར་འགྱུར་ལས་ཁང་ལ་ཁོང་གི་བཟའ་ཟླ་ཐེང་པའོ་གློད་བཀྲོལ་ཐོབ་སྟེ་ནང་དུ་ཕྱིར་ལོག་བྱུང་བའི་གནས་ཚུལ་ངེས་གཏན་ཡིན་པ་འགྲེལ་བརྗོད་བྱས་ཡོད་ཀྱང་ཞིབ་ཕྲའི་གནས་ཚུལ་ཤོད་རྒྱུར་སྟབས་བདེ་པོ་མེད་ཚུལ་བཤད་ཡོད་པ་རེད། ཐེང་པའོ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་ཞིག་ཡིན་ཞིང། ཁ་སྔོན་ཕྱི་ཟླ་གཉིས་པའི་ནང་ཁོང་དང་ཕྱག་རོགས་ཁྲིམས་རྩོད་པ་ཁག་ཅིག་གིས། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་ཁྲེན་ཀུང་ཁྲེང་གིས་། རྒྱ་ནག་ནང་དུ་བཙན་དབང་གི་སྒོ་ནས་ཕྲུ་གུ་མའི་མངལ་ནས་བཏོན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པར་བརྟེན་ནས་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང༌། ཚ་དྲི་བྱས་པ་། ཉེས་རྡུང་བཏང་བའི་གྱོད་དོན་ཁྲིམས་ཐོག་ནས་རྩོད་ལེན་གནང་བའི་ཕྱག་རོགས་གནང་ཡོད་པ་དང༌། ཁྲིམས་རྩོད་པ་ལི་ཕང་ཕིང་ནི། ཉེ་ཆར་དཀྱིལ་ཤར་ཡུལ་གྲུ་དང་ཨ་རབ་ཡུལ་གྲུའི་མི་དམངས་ཚོས་དམངས་གཙོའི་ལས་འགུལ་གྱི་ཚ་རླབས་རྒྱ་ནག་ནང་དུ་ཁྱབ་འཕེལ་འགྲོ་དགོས་པའི་ཀུན་སློང་གི་གནས་ཚུལ་ཐོན་པའི་རྗེས། རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་ཅན་དང༌། རྩོམ་བྲིས་པ་སོགས་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་ཐོག་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་པའི་ནང་ཁྲིམས་རྩོད་པ་གར་སོང་མེད་པ་གྱུར་བའི་གནས་ཚུལ་གསར་ཤོས་དེ་ཡིན་ཞིང༌། ཐེང་དང་ལི་གཉིས་པོ་ནི། རྒྱ་ནག་ནང་དུ་གཞུང་གི་ངོས་ལེན་མེད་པའི་ཡེ་ཤུའི་ཆོས་དད་པའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྐང་ཞིག་ཡིན་པ་དང༌། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས། ད་ལྟའི་འཆར་མི་སུ་གཅིག་གིས་ལི་རྒྱ་ནག་གཞུང་གིས་དོ་དམ་བྱས་པའི་རྒྱུ་མཚན་ཇི་ཡིན་ཤེས་རྟོགས་མེད་ཀྱང། དེ་ནི་ཡ་མཚན་དགོས་པའི་དོན་རྐྱེན་ཞིག་མིན་ཞིང༌། ཁོང་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་རྐང་གནང་མཁན་གྱི་ཁྲིམས་རྩོད་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎