རྒྱ་གཞུང་གིས་ལོ་གསར་སྲུང་བརྩི་བྱ་དགོས་པའི་བཙན་བཀའ།

བོད་མི་རྣམས་ལ་རྒྱ་མིའི་སྒོར་མོ་ཉིས་སྟོང་ཙམ་སྤྲད་ནས་ལོ་གསར་སྲུང་བརྩི་བྱེད་དགོས་པའི་སྐུལ་སློང་བྱེད་བཞིན་པ།

2012.02.18

༄༅༎ཉེ་ལམ་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོའི་ནང་། རྒྱ་ནག་གཞུང་གིས་དམ་བསྒྲགས་དང་དྲག་གནོན་ལ་ངོ་རྒོལ་བྱ་ཆེད། བོད་མི་བཅུ་ཕྲག་གཉིས་ལྷག་ཙམ་གྱིས་རང་ལུས་ཞུགས་འབུལ་གནང་བ་མ་ཟད། ཞི་བའི་ངོ་རྒོལ་བྱེད་མཁན་བོད་མི་ཁག་ཅིག་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་དམར་གསད་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་ཆེད། བོད་ཤར་ཕྱོགས་ཁམས་ཀྱི་ས་ཁུལ་མང་པོའི་ནང་འདི་ལོའི་ལོ་གསར་སྲུང་བརྩི་བྱ་རྒྱུ་མེད་པའི་སྦྱར་ཡིག་རིམ་པ་བཞིན་ཐོན་བཞིན་ཡོད་པར་བརྟེན། ཁམས་ཀྱི་ས་ཁུལ་དཀར་མཛེས་དང༌། བྲག་མགོ། སྡེ་དགེ་བཅས་པའི་ནང་། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་རྒྱ་མིའི་སྒོར་མོ་ཉིས་སྟོང་ཙམ་སྤྲད་ནས་ལོ་གསར་སྲུང་བརྩི་བྱེད་དགོས་པའི་སྐུལ་སློང་བྱེད་བཞིན་ཡོད་ཀྱང༌། བོད་མི་རྣམས་ཀྱི་ངོས་ལེན་གནང་གི་མེད་པའི་སྐོར་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས། འདི་གའི་ཨོས་ཀྲོལོ་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་ངོ་སྤྲོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎