༸གོང་ས་མཆོག་ལ་སྦུཤི་ནས་ཞལ་པར་ཕུལ་བར་རྒྱ་ཁོང་ཁྲོ་ཟ་བ།

ཨ་རིའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་ལ་ཐད་ཀར་ཞལ་པར་ཕུལ་བར་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོའི་ཐོག་ནས་སྐྱོན་བརྗོད་བྱས་བཞག

2008.09.25

༄༅༎ཉེ་སྔོན་ཨ་མི་རི་ཀའི་སྲིད་འཛིན་མཆོག་ནས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་བབ་སྐོར་ཐུགས་འཚབ་ཆེན་པོའི་ཐོག་ནས་ཐད་ཀར་ཞལ་པར་བརྒྱུད་བཀའ་མོལ་ཞུས་པ་དེར་ དེ་རིང་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོའི་ཐོག་ནས་ཨ་རི་གཞུང་གི་རྒྱ་ནག་གིས་ནང་སྲིད་ལ་ཐེ་བྱུས་མཚམས་འཇོག་བྱེད་དགོས་ལུགས་སྐྱོན་བརྗོད་བྱས་བཞག

དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་ཨ་རི་གཞུང་ནས་བོད་འདི་བཞིན་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་ བོད་རང་བཙན་གྱི་འདོད་ཚུལ་ལ་རྒྱབ་བསྐྱོར་བྱ་རྒྱུ་མིན་པ་དང་ དེ་བཞིན་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་མཚམས་འཇོག་བྱ་རྒྱུ་སོགས་དེ་སྔའི་ཁས་ལེན་ཁག་ལ་ཨ་མི་རི་ཀའི་བརྩི་བཀུར་དང་ལེན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་འདུག བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་ནང་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བར་ཕེབས་པ་དང་ དེ་ནས་སྐུ་ངལ་གསོས་ཆེད་ཕྱི་ཟླ་བཅུ་པའི་ནང་འཇར་མ་ནི་དང་སུད་སི་ཛར་ལེན་བཅས་ཡུ་རོབ་ཁུལ་དུ་༸གོང་ས་མཆོག་གི་མཛད་འཆར་ཡོངས་རྫོགས་གནས་སྐབས་ཕྱིར་འཐེན་ཞུས་པའི་གནས་ཚུལ་བྱུང་མཚམས་ བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཇོཇེ་སྦུཤི་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐད་ཀར་ཞལ་པར་བརྒྱུད་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་བབ་ཐད་ལ་ཐུགས་འཚབ་ཀྱི་བཀའ་མོལ་ཞུས་ཡོད་པ་རེད་ ཨ་རིའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་ལ་ཞལ་པར་ཕུལ་བའི་གནས་ཚུལ་འདི་བཞིན་རྒྱ་ནག་གཞུང་ཕྱོགས་ནས་ཨ་མི་རི་ཀས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པར་ངོས་འཛིན་གྱིས་དགག་པ་སྐྱོན་བརྗོད་བྱས་པ་མ་ཟད་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བརྗོད་ན་ ཨ་མི་རི་ཀའི་གནས་ཡོད་དབུ་ཁྲིད་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ན་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་མཇལ་འཕྲད་དང་མཇལ་མོལ་གནང་ཕྱོགས་ཐད་ལ་ཨ་རི་གཞུང་གི་དོགས་ཟོན་བྱེད་དགོས་པར་རྒྱ་ནག་གཞུང་གི་ལནམང་ནན་བརྗོད་བྱས་ཡོད་ལུགས་བཅས་ཀྱི་གཏམ་བཤད་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎