རྒྱ་གཞུང་གིས་མེཀ་སི་ཀོའི་མི་ལྔ་བཅུ་བཀག་ཉར་བྱེད་བཞིན།

རྒྱ་ནག་གཞུང་གིས་ཆམ་ཚད་འགོས་ཁྱབ་སྔོན་འགོག་ཆེད་མེཀ་སི་ཀོ་ནས་ཡིན་པ་མི་གྲངས་ལྔ་བཅུ་སྐོར་ལོགས་སུ་དབྱེ་ནས་བཀག་ཉར་བྱས་ཡོད་པ།

2009.05.03

༄༅༎རྒྱ་ནག་གཞུང་གིས་ཨེཇ་༡ཨེན་༡ཆམ་ཚད་འགོས་ཁྱབ་སྔོན་འགོག་ཆེད་མེཀ་སི་ཀོ་ནས་ཡིན་པ་མི་གྲངས་ལྔ་བཅུ་སྐོར་ལོགས་སུ་དབྱེ་ནས་བཀག་ཉར་བྱས་ཡོད་ཅིང་དེའི་ཁོངས་ནས་མི་གཅིག་ལ་མ་གཏོགས་ནད་རྟགས་ཐོན་མེད་ཀྱང་ཚང་མ་གནས་སྟངས་མཐའ་སྐྱོའི་འོག་བཙན་བཀག་བྱས་པར་མེཀ་སི་ཀོ་ཡི་ཕྱི་སྲིད་བློན་ཆེན་གྱིས་སྐྱོན་བརྗོད་གནང་འདུག

མེཀ་སི་ཀོ་ཡི་ཡུལ་ནང་དེ་སྔ་ཆམ་ཚད་ཀྱི་ནད་ཡམས་འདིས་མི་གྲངས་༡༧༦ལ་སྲོག་སྐྱོན་བྱུང་ལུགས་གསལ་བསྒྲགས་བྱས་ཡོད་ཀྱང་ད་ཆ་ཞིབ་ཏུ་རྩད་ཞིབ་བྱས་འབྲས་སུ་མི་གྲངས་བཅུ་དགུ་ལ་ཨེཇ་༡ཨེན་༡ཆམ་ཚད་ཕོག་སྟེ་གྲོངས་གྱུར་པ་ར་འཕྲོད་ཐུབ་ཡོད་པ་རེད།

མེཀ་སི་ཀོ་ནས་རྒྱ་ནག་ཏུ་འབྱོར་བའི་ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་གྲོང་ཁྱེར་མང་པོའི་ནང་འབྱོར་བ་ཁག་མགྲོན་ཁང་ནང་ཁེར་རྐྱང་དུ་བཞག་ཡོད་པར་མེཀ་སི་ཀོ་ཡི་གཞུང་ཚབ་ལས་བྱེད་པ་ངོ་འཕྲོད་བྱེད་དུ་ཕྱིན་ཀྱང་རྒྱ་ནག་གཞུང་གིས་ངོ་འཕྲད་བྱེད་དུ་བཅུག་མེད་པ་རེད། འདས་པའི་ལོ་ཤས་ནང་མེཀ་སི་ཀོ་དང་རྒྱ་ནག་གཞུང་དབར་འབྲེལ་ལམ་ཇེ་བཟང་དུ་ཕྱིན་ཡོད་ཀྱང་ད་ལམ་མེཀ་སི་ཀོ་ཡི་མི་མང་ལ་རྒྱ་ནག་གཞུང་གིས་གནས་སྟངས་མཐའ་སྐྱོའི་འོག་ཁེར་རྐྱང་དུ་བཀག་ཉར་བྱེད་བཞིན་པའི་གནད་དོན་འདིས་རྐྱེན་པས་ཡུལ་གཉིས་ཀྱི་ཕྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་ཉེན་ཡོད་པ་རེད། ད་བར་རྒྱ་ནག་གཞུང་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མེཀ་སི་ཀོ་ཡི་མི་མང་བཙན་ཉར་བྱེད་བཞིན་པའི་གནད་དོན་ཐད་གསལ་བཤད་གང་ཡང་གནང་མིན་འདུག འོན་ཀྱང་ཧྲང་ཧའེ་གྲོང་སྡེ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་མེཀ་སི་ཀོ་ནས་ཡོང་བའི་འགྲུལ་པ་རྣམས་ཁེར་རྐྱང་དུ་བཀག་ཉར་བྱེད་བཞིན་པ་དེ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལམ་སྟོན་དང་ཡུལ་ཁྲིམས་བཅས་དང་མཐུན་པ་ཡིན་ལུགས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎