རྒྱ་ནག་ནང་ཁང་པའི་རིན་གོང་ཆགས་ཡོད་པའི་གནས་ཚུལ།

ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་ནག་ནང་གི་ཁང་པའི་རིན་གོང་ཆགས་ཡོད་པ་ནི་ཕྱི་ལོ་ཉིས་སྟོང་ལྔའི་རྗེས་ཁང་པའི་རིན་གོང་ཆགས་པ་ཐོགས་མ་དེ་ཡིན་པ།

2009.01.10

༄༅༎ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་ནག་ནང་གི་ཁང་པའི་རིན་གོང་ཆགས་ཡོད་པ་དང་འདི་ནི་ཕྱི་ལོ་ཉིས་སྟོང་ལྔའི་རྗེས་ཁང་པའི་རིན་གོང་ཆགས་པ་ཐོགས་མ་དེ་ཡིན་པ་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་ནག་གཞུང་གི་དཔལ་འབྱོར་འཆར་གཞི་འགོད་མཁན་གྱི་སྒྲིག་འཛུགས་མཐོ་ཤོས་རྒྱལ་ཡོངས་འཕེལ་རྒྱས་དང་བཅོས་བསྒྱུར་ལས་དོན་ལྷན་ཁང་གིས་ཞིབ་འཇུག་གྲུབ་ཐོ་ཞིག་བཏོན་ཡོད་པ་དེའི་ནང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བདུན་བཅུའི་ནང་གི་ཁང་པའི་རིན་གོང་ཆ་སྙོམས་ཀྱི་བརྒྱ་ཆ་གླད་སྒོར་ཚགས་བཞི་ཙམ་གྱི་དམའ་རུ་ཕྱིན་ཡོད་པ་འཁོད་ཡོད་པ་དང་འོན་ཀྱང་བཟོ་གྲྭ་ཧ་ཅང་མང་པོ་ཡོད་སའི་རྒྱ་ནག་ལྷོ་ཕྱོགས་ཤན་ཀྲན་ས་ཁུལ་ནང་གི་ཁང་པའི་རིན་གོང་བརྒྱ་ཆ་བཅོ་བརྒྱད་ཙམ་ཟག་ཡོད་པ་བརྗོད་འདུག

རྒྱ་ནག་གཞུང་གིས་ཁང་པའི་ཁྲོམ་རྭ་མ་རྡིབ་པའི་ཆེད་ཁང་པ་ཉོ་ཚོང་གི་མ་རྩའི་ཐོག་ནས་བྱུང་བའི་ཕུགས་ཕན་ཁེ་བཟང་ཐོག་དཔྱའ་ཁྲལ་སྤྲོད་འཇལ་མི་དགོས་པ་བཟོས་ཡོད་པ་དང་འོན་ཀྱང་དེས་རྒྱལ་ཁབ་ཀྱི་གྲོང་ཁྱེར་ས་ཁུལ་གྱི་བསྒྱུར་དཀའི་མཁར་དབང་གི་མ་རྩ་འབྱུང་ཁུངས་ཀྱི་བརྒྱ་ཆ་ཉི་ཤུ་ཙམ་ཉུང་དུ་བཏང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎