བོད་ནང་འཐུང་ཆུ་ཡར་རྒྱས་ཆེད་མ་རྩ་འཛུགས་འཇོག་བྱས་པ།

རྒྱ་ནག་གཞུང་གིས་བོད་ནང་འཐུང་ཆུ་ཡར་རྒྱས་ཀྱི་ཆེད་དུ་མ་དངུལ་ཨ་རིའི་ཌོ་ལར་ས་ཡ་༡༣༩མ་རྩ་འཛུགས་འཇོག་བྱས་ཡོད་པའི་སྐོར་བཤད་ཡོད་པ།

2009.01.27

༄༅༎རྒྱ་ནག་གཞུང་གིས་བོད་ནང་འཐུང་ཆུ་ཡར་རྒྱས་ཀྱི་ཆེད་དུ་མ་དངུལ་ཨ་རིའི་ཌོ་ལར་ས་ཡ་༡༣༩མ་རྩ་འཛུགས་འཇོག་བྱས་ཡོད་པའི་སྐོར་བཤད་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་ཆུའི་འབྱུང་ཁུངས་བློན་ཆེན་ལྷན་ཁང་གིས་བོད་ནང་དུ་ཡོད་པའི་ཞིང་པ་དང་འབྲོག་པ་མི་དམངས་ས་ཡ་གཅིག་དང་གྲངས་ཆུང་བཞི་ཅུ་ཞེ་བཞི་ལ་འཐུང་ཆུ་འདེངས་ངེས་མཁོ་འདོན་གྱི་ཆེད་དུ་ཕྱི་ལོ་༢༠༠༠ནས་༢༠༠༨བར་འདས་པའི་མི་ལོ་བརྒྱད་རིང་ལ་འགྲོ་གྲོན་རྒྱ་མིའི་སྒོར་མོ་ས་ཡ་༩༥༣དང་ཨ་རིའི་དངུལ་གྱི་འཛའ་ཐང་བྱས་ན་ཌོ་ལར་ས་ཡ་༡༣༩བཏང་བའི་སྐོར་བཤད་པ་དང་ད་དུང་ཆུའི་འབྱུང་ཁུངས་བློན་ཆེན་ལྷན་ཁང་གི་འཐུང་ཆུ་གཙང་མ་བཟོ་བའི་ལས་དོན་འཆར་གཞིའི་འོག་བོང་རང་སྐྱོང་ལྗོངས་ནང་གི་གྲོང་ཁྱེར་དང་ས་ཁུལ་ཁག་བདུན་ཅུ་དོན་གསུམ་ནང་འཐུང་ཆུ་འདེངས་ངེས་མཁོ་འདོན་གྱི་ལས་གཞི་འཛུགས་སྐྲུན་བྱས་ཏེ་ལས་གཞི་དེའི་ཐོག་ནས་ཞིང་འབྲོག་མི་དམངས་ལ་འཐུང་ཆུ་མཁོ་འདོན་བྱེད་པ་ཙམ་དུ་མ་ཟད་ཞིང་འབྲོག་མི་དམངས་ཚོས་བདག་ཉར་བྱེད་བཞིན་པའི་སྒོ་ཕྱུགས་སེམས་ཅན་ས་ཡ་དགུ་ཙམ་ལ་ཕན་ཐོགས་སྐྲུན་བཞིན་ཡོད་པའི་སྐོར་བཤད་ཡོད་པ་རེད།

བོད་ཀྱི་གྲོང་གསེབ་ས་ཁུལ་གྱི་ཆུའི་འབྱུང་ཁུངས་ཚན་པའི་འགོ་ཁྲིད་ལྦང་ཞའོ་ཏུང་གིས་བློན་ཆེན་ལྷན་ཁང་གི་འཐུང་ཆུ་ཡར་རྒྱས་ཀྱི་ལས་གཞི་དེ་ཡིས་མ་འོངས་ཕྱི་ལོ་༢༠༡༠ནང་ཚུད་བོད་ཀྱི་ཞིང་འབྲོག་ས་ཁུལ་ཡོངས་ལ་འཐུང་ཆུ་མཁོ་འདོན་བྱེད་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་ཅིང་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ།ཆབ་མདོ་གྲོང་ཁྱེར་ཆེ་ཁག་གསུམ་ནང་གི་གྲོང་གསེབ་ས་ཁུལ་ཁག་ཏུ་འཐུང་ཆུ་ཡར་རྒྱས་ཀྱི་ལས་གཞི་དེའི་ཐོག་ནས་ཕན་ཐོགས་ཇི་བྱུང་གི་དྲི་ཞིབ་དང་ཞིབ་འཇུག་བྱས་པར་མི་དམངས་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་བྱུང་སྟེ་ཆ་སྙོམས་ཀྱིས་ལོ་རེའི་སྨན་བཅོས་འགྲོ་གྲོན་ནས་རྒྱ་མིའི་སྒོར་མོ་སུམ་བརྒྱ་ཙམ་ཉུང་དུ་ཕྱིན་ཡོད་པ་དང་དེ་བཞིན་བོད་ཀྱི་ལྷོ་ཁ་ས་ཁུལ་ནང་དུ་ལས་གཞི་དེའི་འོག་གྲོང་གསེབ་ཁྱིམ་ཚང་བརྒྱ་ཆ་༨༦གི་སྒོ་ཕྱུགས་སེམས་ཅན་འཕེལ་རྒྱས་ལ་ཕན་ཐོགས་བྱུང་ཡོད་ལུགས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎