རྒྱ་ནག་གི་ཞིང་འབྲོག་མི་མང་ལ་རོགས་རམ་བྱ་རྒྱུའི་གསལ་བསྒྲཌ།
2009.02.01
༄༅༎རྒྱ་ནག་གི་ཞིང་འབྲོག་མི་མང་ས་ཡ་བདུན་རྒྱ་ལྔ་བཅུ་ཙམ་ཡོད་པ་དེ་དག་ལ་འདི་ལོ་དཔལ་འབྱོར་དཀའ་ངལ་ཆེན་པོ་འཕྲད་ངེས་པར་བརྟེན་རྒྱ་ནག་གཞུང་གིས་གུན་གསབ་སྤྲོད་རྒྱུ་ལ་སོགས་པའི་གང་ཅིའི་རོགས་རམ་བྱ་རྒྱུའི་གསལ་བསྒྲགས་གནང་འདུག རྒྱ་ནག་ནང་འཚོ་བའི་དཀའ་ངལ་དང་ལས་མེད་མང་པོ་བྱུང་ན་ཡུལ་གྱི་བརྟན་ལྷིང་ལ་ཉེན་ཚབས་ཆེན་པོ་བཟོ་གི་ཡོད་སྟབས་ཞིང་པའི་ཐོན་སྐྱེད་ཀྱི་རིན་གོང་མཐོ་རུ་གཏང་རྒྱུ་།ཞིང་ཁར་སྲུང་སྐྱོབ།ཕྱིའི་རྒྱལ་ཁབ་ནས་བཟའ་བཅའ་ནང་འདྲེན་ལ་དོ་དམ་བཀག་སྡོམ་བྱེད་པ་སོགས་མདོ་དོན་ཞིང་པའི་ཡོང་འབབ་མཐོ་རུ་གཏང་ཐབས་བཅས་བྱས་ཏེ་བརྟན་ལྷིང་གནས་ཐབས་བྱེད་བཞིན་པ་རེད། རྒྱ་ནག་གུང་ཁྲན་ཏང་གི་ཚོགས་པས་དོན་ཚན་ཉི་ཤུ་རྩ་བརྒྱད་འཁོད་པའི་སྲིད་བྱུས་ལམ་སྟོན་ཡིག་ཆ་ཞིག་བཏོན་ཡོད་ཅིང་ཉེ་ལམ་བཟོ་གྲྭ་སྟོང་ཕྲག་མང་པོ་སྒོ་བརྒྱབ་པའི་བཟོ་པ་ཕོན་ཆེ་ལས་མེད་དུ་གྱུར་པ་དེ་དག་གིས་ཟིང་ཆ་སློང་ཉེན་ཡོད་པར་རྒྱ་ནག་གཞུང་གིས་དོགས་པ་གནང་གི་ཡོད་པ་རེད། སྔར་ལོ་ཕྱི་ལོ་༢༠༠༨ལོར་རྒྱ་ནག་གཞུང་གི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་དགུ་ལ་མར་འཛག་ཡོད་ཅིང་དེ་ནི་འདས་པའི་ལོ་ངོ་བདུན་ནང་དཔལ་འབྱོར་འཕེལ་ཚད་བརྒྱ་བཅུ་ཕྲག་གཅིག་བརྒལ་བ་བསྟུད་མར་ལོ་ངོ་བདུན་རིང་བྱུང་བའི་རྗེས་སུ་བཅུ་ཕྲག་གཅིག་འོག་ལ་ཟགས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཡང་རྒྱ་ནག་གཞུང་གི་དཔལ་འབྱོར་ནུས་ཤུགས་སྤེལ་བྱེད་ཌོ་ལར་ཐེར་འབུམ་མང་པོ་གཞུང་གིས་འགྲོ་གྲོན་གཏང་འཆར་ཡོད་པ་ལྟར་ཞིང་འབྲོག་ཁུལ་དུ་འཛུགས་སྐྲུན་ལས་གཞིའི་ཆེད་ཨ་སྒོར་ཐེར་འབུམ་ལྔ་ཅུ་ང་བཞི་ཙམ་འགྲོ་གྲོན་གཏང་འཆར་ཡོད་ཅིང་དེ་ཐོག་ནས་ལས་མེད་ས་ཡ་བརྒྱ་དང་སུམ་ཅུ་ནས་བརྒྱ་ཆ་ལྔ་ཙམ་ལ་ལས་ཀ་སྤྲོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད༎