རྒྱ་ནག་ནང་དྲ་རྒྱའི་ཐོག་རྒྱན་རྩེད་མཁན་འཛིན་བཟུང་བྱས་པ།
2009.02.16
༄༅༎རྒྱ་ནག་ནང་དྲ་རྒྱའི་ཐོག་རྒྱན་རྩེད་ཤུགས་ཆེ་བྱེད་མཁན་མི་སྣ་ཉི་ཤུ་ཐམ་པ་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཧྲང་ཧའེ་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ས་གནས་ཀྱི་ཁྲིམས་ཁང་གིས་རང་ལོ་བཞི་ཅུ་ཞེ་གཅིག་ལ་སླེབས་པའི་ཆིན་པའི་ཁྲུན་གྱིས་དྲ་རྒྱའི་ཐོག་རྒྱ་སྒོར་ས་ཡ་ལྔའམ་ཨ་རིའི་ཌོ་ལར་འབུམ་བདུན་ལྷག་གནས་པའི་རྒྱན་རྩེད་བྱས་པའི་ནག་ཉེས་འོག་ལོ་དྲུག་རིང་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་འདུག དེ་མིན་དྲ་རྒྱའི་ཐོག་རྒྱན་རྩེད་པ་བཅུ་དགུས་རྒྱ་སྒོར་ཁྲི་གཉིས་ནས་ས་ཡ་གཉིས་བར་རྒྱན་རྩེད་བྱས་པའི་ནག་ཉེས་འོག་ལོ་ལྔའི་རིང་བཙོན་འཇུག་བྱས་ཡོད་འདུག་གཞུང་འབྲེལ་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ལུང་འདྲེན་བྱས་འདུག རྒྱན་རྩེད་དེ་རིགས་ནི་ད་བར་གྱི་དྲ་རྒྱའི་ཐོག་གི་རྒྱན་རྩེད་ཆེ་ཤོས་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག རྒྱན་རྩེད་པ་ཆིང་པའོ་ཁྲུན་དང་རོགས་པ་གཉིས་ཀྱིས་དྲ་རྒྱའི་རྒྱན་རྩེད་ཐོག་མ་ཕྱི་ལོ་ཉིས་སྟོང་དྲུག་ལོར་འཇར་མ་ནི་ནང་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་འགོ་འཛུགས་ཀྱིས་རྒྱ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལྷག་བཟོད་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།