རྒྱ་ནག་ནང་མང་ཚོགས་སར་ཐ་མག་འཐེན་མི་ཆོག་པའི་སྲིད་ཇུས།

རྒྱ་ནག་གཞུང་གིས་མི་དམངས་འདུ་འཛོམས་བྱེད་ཡུལ་ས་ཁག་ཅིག་ནང་གང་བྱུང་དུ་ཐ་མག་འཐེན་མི་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་འདུག

2011.05.01

༄༅༎རྒྱ་ནག་གཞུང་གིས་དེ་རིང་རེས་གཟའ་ཉི་མ་ནས་ཟ་ཁང་དང༌། ཆང་ཁང་སོགས་མི་དམངས་འདུ་འཛོམས་བྱེད་ཡུལ་ས་ཁག་ཅིག་ནང་གང་བྱུང་དུ་ཐ་མག་འཐེན་མི་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་རེད།

རྒྱ་ནག་ནི་འཛམ་གླིང་ནང་ནས་ཐ་མག་འཐེན་མཁན་གྱི་མི་འབོར་མང་ཤོས་གྲས་ཡིན་པ་དང༌། ཐ་མག་འཐེན་མཁན་གྱི་གྲངས་འབོར་བྱས་ན་ས་ཡ་༣༠༠ ལྷག་ཟིན་གྱི་ཡོད་པ་ནི། རྒྱ་ནག་ནང་མི་དང་མིའི་འབྲེལ་བ་བཙུགས་པའི་སྐབས་ཐ་མག་གཏོང་རེས་བྱེད་པ་ནི་སྤྱིར་བཏང་གི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། འགྲུལ་སྐྱེལ་མོ་ཊ་དང༌། ཟ་ཁང༌། ལས་ཁུངས་སོགས་ནང་གང་བྱུང་དུ་ཐ་མག་འཐེན་སྲོལ་ཡོད་པ་ནི་རྒྱུན་ལྡན་ཞིག་ཀྱང་ཡིན་ཞིང༌། མཐའ་ན་སྨན་ཁང་ནང་དུའང་འཐེན་སྲོལ་གྱི་གོམས་བཤིས་ངན་པ་དེས་རང་སྒེར་དང་མི་དམངས་ཀྱི་བེད་ཐང་ལ་གནོད་འཚེ་བཟོ་བ་ནི། གཙོ་བོ་ཐ་མག་གིས་མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཇི་ཙམ་བཟོ་གི་ཡོད་པའི་གནས་ཚུལ་རྣམས་གོ་རྟོག་སྤེལ་རྒྱུར་འཐུད་ཤོར་ཕྱིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎