རྒྱ་ནག་ཏུ་འོ་ཙམ་ནང་རྫས་འགྱུར་འདྲེས་དོན་ཞིབ་འཇུག།

རྒྱ་ནག་གིས་འོ་མའི་ནང་རྫས་འགྱུར་བྱུང་བར་ཞིབ་འཇུག་བྱེད་རྒྱུར་རྒྱལ་ཡོངས་ཐོག་འོ་མ་འགྲེམས་སྤེལ་བྱེད་ཡུལ་ཁག་ལ་ཞིབ་འཇུག་གནང་འགོ་ཚུགས།

2008.09.15

༄༅༎རྒྱ་ནག་གིས་འོ་མའི་ནང་རྫས་འགྱུར་བྱུང་བའི་གནས་ཚུལ་དེ་ཞིབ་འཇུག་བྱེད་རྒྱུར་རྒྱལ་ཡོངས་ཐོག་འོ་མ་འགྲེམས་སྤེལ་བྱེད་ཡུལ་ཁག་ལ་ཞིབ་འཇུག་གནང་འགོ་ཚུགས་ཡོད་པ་རེད་

འོ་མའི་ནང་རྫས་འགྱུར་གྱི་དོན་རྐྱེན་དེར་མི་གྲངས་༡༩ཞིག་དོ་དམ་དང་ མི་གྲངས་༧༨ལ་འདྲི་རྩད་བྱེད་བཞིན་ཡོད་སྐོར་རྒྱ་ནག་གི་དཔོན་རིགས་ཚོས་གསུང་འདུག

རྒྱ་ནག་གི་བཅའ་དངོས་རྟོགས་ཞིབ་ལས་ཁང་གིས་འོ་མ་བཟོ་ཚོང་ལས་ཁང་ཁག་ཞིབ་འཇུག་གནང་ཆེད་ལས་བྱེད་ཁག་ཅིག་ཧེ་པི་དང་ཀོང་ཏུང་ ཧེ་ལོང་ཇེང་དང་ནང་སོག་ནང་ཆེད་རྫོངས་གནང་སྐོར་གསུང་འདུག ཧེ་པི་ཞིང་ཆེན་གྱི་བཅའ་དངོས་རྟོགས་ཞིབ་ལས་ཁང་ཞིག་ནང་བསྐོར་སྲུང་བས་ཐལ་བ་དཀར་པོ་ཡོད་པའི་དོ་པོ་༦༠ཞིག་ལག་སོན་ཐུབ་པ་བྱུང་ཡོད་པ་དང་ ཞིབ་འཇུག་བརྟག་དཔྱད་བྱས་པའི་རྗེས་དོ་པོ་དེ་ནང་མེའེ་ལ་མིན་ཞེས་པའི་རྫས་འགྱུར་དེ་ཤུགས་ཆེ་བླུག་ཡོད་པ་མངོན་གསལ་ཆགས་ཡོད་པ་རེད་ རྒྱ་ནག་ནང་སྨན་དང་བཟའ་བཅའ་དེ་བཞིན་བཅའ་དངོས་མང་དག་ཅིག་རྫུན་མ་བཟོས་བཞིན་ཡོད་པ་དང་དེ་དག་གིས་མི་མང་པོ་ཞིག་ལ་རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་གནས་ཚུལ་མང་དག་བྱུང་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎