རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་གོང་དམ་བསྒྲཌ་བྱེད་འཆར།

རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་གྱི་བདེ་འཇགས་འགན་ལེན་ཡོང་ཐབས་ཆེད་སྤྱི་ཚོགས་ཀྱི་བདེ་འཇགས་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ།

2009.04.28

༄༅༎དེ་སྔ་ཕྱི་ལོ་༡༩༨༩འི་ལོར་རྒྱ་ནག་གི་དམངས་གཙོའི་སློབ་ཕྲུག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་མི་ལོ་ཉི་ཤུ་འཁོར་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་དེ་རིང་གསལ་བསྒྲགས་ཤིག་སྤེལ་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་གསལ་བསྒྲགས་བྱས་ཏེ་དེ་ནི་ཕྱི་ཟླ་བཅུ་པའི་རྒྱལ་སྟོན་དུས་ཆེན་གྱི་བདེ་འཇགས་འགན་ལེན་ཡོང་ཐབས་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

དེ་ཡང་རྒྱ་ནག་ནང་སྤྱི་ཚོགས་བདེ་འཇགས་དམ་བསྒྲགས་ཀྱི་ལས་འགུལ་དེ་ཕྱི་ཟླ་ལྔ་པའི་ནང་ནས་འགོ་འཛུགས་རྒྱུ་ཡིན་ཞིང་རྒྱ་ནག་གི་བདེ་འཇགས་བློན་ཆེན་གཞོན་པ་ཀྲང་ཤིན་ཕང་ཡིས་དེའི་དམིགས་ཡུལ་ནི་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་རྒྱལ་སྟོན་དུས་ཆེན་ལ་སྲུང་བརྩི་ཞུ་རྒྱུ་ལམ་ལྷོང་ཡོང་རྒྱུར་དམིགས་ཏེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་བཟོ་རྒྱུའི་ཆེད་དུ་ཡིན་པ་བཤད་ཡོད་པ་རེད། རྒྱལ་སྟོན་དུས་ཆེན་དེ་ནི་རྒྱ་ནག་གཞུང་ཕྱོགས་ལ་མཚོན་ན་གལ་འགངས་ཆེ་བའི་དུས་ཆེན་ཞིག་ཡིན་ཞིང་དེའི་ཉིན་དུས་ཆེན་སྲུང་བརྩི་ཞུ་བའི་ནང་པེ་ཅིང་གི་དབུས་སུ་དམག་མིའི་རུ་སྒྲིག་གཏོང་རྒྱུ་སོགས་གཞི་རྒྱ་ཆེ་བའི་མཛད་སྒོ་གོ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་དང་རྒྱ་ནག་རྒྱལ་ཡོངས་སུ་ཉེན་རྟོག་པས་སྤྱི་ཚོགས་བདེ་འཇགས་ཐོག་དོ་སྣང་བྱས་ཏེ་ཁྲིམས་འགལ་ཅན་གྱི་རུ་ཚོགས་ཐོག་རྡུང་རྡེག་དང་དྲག་གནོན་བྱ་རྒྱུ་མ་ཟད་ཁྲིམས་འགལ་གྱི་ཚབས་ཆེའི་ཉེས་ཅན་པ་རྣམས་འཚོལ་ཞིབ་བྱ་རྒྱུ།ས་གནས་དཔོན་རིགས་ཚོས་སོ་སོའི་ས་ཁོངས་རིམ་པའི་ནང་ཁྲིམས་འགལ་ཅན་གྱི་ལས་འགུལ་རིགས་སྤེལ་མཁན་ཡོད་མེད་འཚོལ་ཞིབ་བྱས་ཏེ་བདེ་འཇགས་ཀྱི་ལས་དོན་དམ་བསྒྲགས་ཆེ་རུ་གཏོང་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎