ཨ་རི་དང་ཨོསི་ཏྲེ་ལི་ཡའི་དམག་དོན་འབྲེལ་བར་སྐྱོན་བརྗོད།

རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀ་དང་ཨོསི་ཏྲེ་རི་ལ་ཡ་གཉིས་དབར་དམག་དོན་གྱི་འབྲེལ་བ་གོང་འཕེལ་བཏང་གནང་བར་སྐྱོན་བརྗོད།

2011.11.30

༄༅༎དེ་རིང་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་ ཨ་མི་རི་ཀ་དང་ཨོསི་ཏྲེ་རི་ལ་ཡ་གཉིས་དབར་དམག་དོན་གྱི་འབྲེལ་བ་གོང་འཕེལ་བཏང་གནང་བར་སྐྱོན་བརྗོད་དང་འབྲེལ། ཐབས་ཤེས་དེའི་རིགས་ཀྱིས་ཡིད་ཆེས་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་ཁུལ་བརྗོད་འདུག།
ཕྱི་ཟླ་༡༡པའི་ཟླ་སྐྱིལ་ཙམ་ལ་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་ཨོསི་ཏྲེ་རི་ལི་ཡའི་སླིད་བློན་ལྕམ་ཇུ་ལི་ཡ་གི་ལའདྲ་རྣམ་གཉིས་དབར་མཇལ་འཕྲད་སྐབས་ ཨོསི་ཏྲེ་རི་ལི་ཡའི་བྱང་ཕྱོགས་སུ་ཨ་རིའི་སྐམ་ས་གཉིས་སྤྱོད་ཀྱི་དམག་མི་༢༥༠༠གཞི་རྟེན་བྱེད་སའི་དམག་གི་རྟེན་གཞི་ཞིག་བཟོས་གནང་རྒྱུའི་འཆར་གཞི་བཏིང་གནང་ཡོད་པ་དེར་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་
མགྲིན་ཚབ་པ་གེང་ཡང་ཧྲེང་གིས་སྐྱོན་བརྗོད་དང་འབྲེལ་བརྗོད་དོན། རྒྱལ་ཁབ་ཕན་ཚུན་དབར་དམག་དོན་གྱི་འབྲེལ་བ་ནི་རྒྱལ་རབས་ཀྱི་འབྱུང་བ་ཞིག་ཡིན་ནའང༌། དམག་དོན་གཞི་ཡུལ་ཐད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་རྒྱ་བསྐྱེད་གཏོང་ཐབས་བྱས་པ་ནི་ཁ་རྩོད་གྲང་དམག་གི་བྱ་ཐབས་ཤིག་ཡིན་པས། བྱ་ཐབས་དེ་བཞིན་ཞི་བདེ་དང་མཉམ་འབྲེལ། ཡར་རྒྱས་གཏོང་རྒྱུའི་དུས་རབས་ཀྱི་བགྲོད་དང་མཐུན་གྱི་མེད་པ་མ་ཟད། མངའ་ཁུལ་དེའི་ནང་ཡོད་པའི་རྒྱལ་ཁབ་ཕན་ཚུན་དབར་གྱི་མཐུན་འབྲེལ་དང་ཕན་ཚུན་ཡིད་ཆེས་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་རྩ་བ་ནས་མེད་པ་ཞིག་རེད་ཅེས་གེང་ཡང་ཧྲེང་གིས་འགྲེལ་བརྗོད་བྱས་ཏེ།  འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་ཞི་བདེ་སྲ་བརྟན་ཡོང་ཐབས་ལ་ཕན་ཐོགས་ཡོད་པའི་ལས་དོན་མང་ཙམ་བྱེད་བའི་རེ་བ་ཡོད་ཅེས་བརྗོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎