རྒྱ་ནག་ནང་རྡོ་སྲོལ་སྔོག་འདོན་བྱེད་སར་འབར་རྫས་གས་གཏོར།

རྒྱ་ནག་ནང་རྡོ་སྲོལ་སྔོག་འདོན་བྱེད་ས་ཞིག་གི་འབར་རྫས་འཇོག་སར་འབར་རྫས་གས་གཏོར་བྱུང་ནས་མི་གྲངས་བཅོ་བརྒྱད་རྐྱེན་ལམ་དུ་ཕྱིན་འདུག

2009.04.18

༄༅༎རྒྱ་ནག་ཧའ་ནན་ཞིང་ཆེན་གྱི་རྡོ་སྲོལ་སྔོག་འདོན་བྱེད་ས་ཞིག་ལ་འབར་རྫས་གས་གཏོར་བྱུང་ནས་མི་གྲངས་བཅོ་བརྒྱད་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་དྲུག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

གནས་ཚུལ་འཁོར་པར་གཞིགས་ན་གཟའ་ཕུར་བུའི་ཕྱི་དྲོ་ཧའ་ནན་ཞིང་ཆེན་ཡུང་ཤིན་རྫོང་ཁུངས་ཀྱི་རྡོ་སྲོལ་སྔོག་འདོན་བྱེད་ས་ཞིག་གི་འབར་རྫས་འཇོག་སར་འབར་རྫས་གས་གཏོར་བྱུང་ནས་ད་རེས་གཟའ་སྤེན་པ་བར་མི་གྲངས་བཅོ་བརྒྱད་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་དྲུག་ལ་རྨས་སྐྱོན་ཕོག་པ་དེ་མིན་མི་གྲངས་གཉིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

འབར་གས་ཀྱི་དོན་རྐྱེན་བྱུང་བའི་རྗེས་ས་གནས་འབྲེལ་ཡོད་ཉེན་རྟོག་ལས་ཁང་གིས་རྡོ་སྲོལ་སྔོག་འདོན་བྱེད་ས་དེའི་བྱིན་བདག་གསུམ་ལ་འདྲི་ཞིབ་བྱས་ནས་ཁོང་ཚོའི་ཁྲོད་ནས་མི་གཅིག་འཇུ་བཟུང་དོ་དམ་བྱས་ཡོད་ཅིང་ད་ལྟའི་ཆར་འབར་རྫས་ཀྱི་རིགས་དང་ཡོང་ཁུངས་དེ་བཞིན་འབར་གས་བྱུང་དགོས་དོན་སོགས་ཀྱི་ཐོག་མུ་མཐུད་ནས་བརྟག་དཔྱད་བྱེད་བཞིན་ཡིན་པ་རེད། རྒྱ་ནག་ནང་རྡོ་སྲོལ་དང་གཏེར་ཁ་སྔོག་འདོན་བྱེད་ས་ཁག་ལ་རྒྱུན་དུ་ནས་འབར་གས་དང་ས་རྡིབ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་ནས་མི་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་པ་དང་རྒྱ་ནག་དབུས་གཞུང་གིས་ལོ་ངོ་ཁ་ཤས་ཀྱི་གོང་ནས་རྒྱ་ནག་ནང་གཏེར་ཁའི་རིགས་སྔོག་འདོན་བྱེད་ས་ཁག་གི་ཆ་རྐྱེན་དང་སྤུས་ཚད་ཡག་ཏུ་གཏང་རྒྱུའི་སྐོར་ཡིག་ཆ་འགྲེམས་སྤེལ་ཐེངས་མང་བྱས་ཡོད་ན་ཡང་དོན་དངོས་གནད་དོན་དེར་གྱུར་ལྡོག་གཏོང་ཐུབ་ཀྱི་མེད་ཅིང་ད་དུང་ཡང་གང་བྱུང་གིས་གཏེར་ཁ་སྔོག་འདོན་བྱས་ནས་འབར་གས་དང་ས་རྡིབ་ཀྱི་གནས་ཚུལ་ཐོན་མུས་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎