རྒྱ་གཞུང་གིས་བོད་མིར་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ།

ཨོ་ལིམ་པིག་རྩེད་འགྲན་འཚོགས་བཞིན་པའི་སྐབས་འདིར་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ།

2008.08.17

༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་འཚོགས་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་སྐོར་བཀའ་གནང་འདུག

གཟའ་སྤེན་པའི་ཉིན་ཕེ་རན་སིའི་བརྙན་འཕྲིན་ལས་ཁང་གིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་རྩ་འཛིན་དམ་བཅའ་ཁག་ཚུལ་བཞིན་སྲུང་བརྩི་ཞུ་ཡི་ཡོད་མིན་སྐོར་བཅའ་འདྲི་དང་ལེན་གནང་སྟེ་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་ཕམ་པ་ཞིག་ལ་བོད་ནང་གི་རྒྱ་མིའི་དཔོན་རིགས་ཚོས་ཨོ་ལིམ་པིག་རྩེད་འགྲན་གྱི་རྩ་འཛིན་དམ་བཅའ་ཁག་སྲུང་བརྩི་རྩ་བ་ཉིད་ནས་ཞུ་ཡི་མིན་འདུག་ཅེས་དང་ བོད་ནང་གསར་འགྱུར་བརྒྱུད་ལམ་ཐོག་ཞིབ་བཤེར་ཆེ་བ་དང་གནས་ཚུལ་འགྲེམས་སྤེལ་ཐོག་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཞི་བའི་བོད་མི་མང་པོ་འཛིན་བཟུང་བྱེད་ཀྱི་ཡོད་པ་མ་ཟད་ ཁོང་ཚོ་མ་འཆི་བར་དུ་དྲག་ཤུགས་ཆེན་པོའི་སྒོ་ནས་སྡུག་སྦྱོང་མནར་གཅོད་ཚབས་ཆེ་གཏོང་གི་ཡོད་འདུག་པས་ དེ་ནི་དོན་དངོས་སུ་བློ་ཕམ་ཆེ་བ་དང་ཡིད་ཧ་ཅང་སྐྱོ་བའི་གནས་ཚུལ་ཡིན་སྐོར་བཀའ་ལན་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སིའི་ནང་གཙོ་བོ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཕྱིར་བདུན་ཕྲག་གཉིས་རིང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་བཞིན་ཡོད་ན་ཡང་ གཟའ་ལྷག་པའི་ཉིན་ཕེ་རན་སིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་སྐབས་ ༸གོང་ས་མཆོག་ནས་རྒྱ་ནག་གཞུང་གིས་བོད་ནང་བྱ་སྤྱོད་སྤེལ་སྟངས་ཐོག་སྐྱོན་བརྗོད་གནང་འདུག ཕེ་རན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛི་ མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ད་རེས་༸གོང་ས་མཆོག་མཇལ་འཕྲད་མ་ཞུས་པའི་སྐོར་ཁོང་ལ་ཕེ་རན་སི་ཕྱོགས་འགལ་སྲིད་དོན་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་ངོ་རྒོལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་ ཡང་གཟའ་སྤེན་པའི་ཉིན་སྔ་ལོ་ཕེ་རན་སིའི་སྲིད་འཛིན་འོས་བསྡུའི་ནང་སར་ཀོ་ཛི་མཆོག་ལ་འགྲན་རྩོད་གནང་མཁན་ལྕམ་ སེ་གོ་ལིན་རོཡེལ་ མཆོག་གིས་༸གོང་ས་མཆོག་མཇལ་འཕྲད་ཞུས་པ་མ་ཟད་ ཁོང་བོད་ནང་ཕེབས་འདོད་ཡོད་སྐོར་སྙན་སེང་ཞུས་ཡོད་པའི་གནས་ཚུལ་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎