ནང་སོག་གི་ཧ་དའ་དང་ནང་མི་བཀག་ཉར་དོ་དམ།

ནང་སོག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧ་དྭ་དང་ཁོང་གི་བཟའ་ཟླ་དང་བུ་བཅས་རྒྱ་ནག་གཞུང་གིས་བཀག་ཉར་དོ་དམ་བྱས་འདུག

2011.05.11

༄༅༎ནང་སོག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧ་དྭ་Hadaདང་ཁོང་གི་བཟའ་ཟླ་དང་བུ་བཅས་རྒྱ་ནག་གཞུང་གིས་བཀག་ཉར་དོ་དམ་བྱས་ཡོད་པའི་སྐོར་ཨ་རིའི་ནང་རྟེན་གཞི་བྱས་པའི་ལྷོ་སོག་པོའི་འགྲོ་བ་མིའི་ལྟེ་གནས་ཁང་ཞེས་པས་གནས་ཚུལ་ཕྱིར་བསྒྲགས་གནང་འདུག ལྟེ་གནས་ཁང་དེས་གནས་ཚུལ་ཕྱིར་བསྒྲགས་གནང་བའི་ནང་ཧ་དྭ་བཙོན་འཇུག་ལོ་བཅོ་ལྔའི་ལོ་དུས་གཙང་ཏེ་གློད་བཀྲོལ་བྱུང་བའི་རྗེས་སླར་ཡང་འཇུ་བཟུང་དོ་དམ་བྱས་པའི་རྗེས་ ཁོང་གི་བཟའ་ཟླ་ཤིན་ན་དང་བུ་ཨུ་ལེསི་གཉིས་ཀྱང་་ད་ལོ་ཕྱི་ཟླ་དང་པོའི་ཚེས་༡༧ཉིན་ཁྲིམས་འགལ་གྱིས་ཚོང་དོན་སྤེལ་བ་དང་ དེ་བཞིན་དུག་ཚོང་རྒྱབ་པའི་ཉེས་བཙུགས་ཐོག་ནས་དངོས་སུ་འཛིན་བཟུང་དོ་དམ་བྱས་ཡོད་ཅིང་  ཁོང་གཉིས་ཀས་རྒྱ་ནག་གཞུང་ཕྱོགས་ཀྱིས་ཉེས་བཙུགས་ལ་ཁས་ལེན་བྱེད་ཀྱི་མེད་པ་དང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧ་དྭ་གསང་བའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱེད་བཞིན་ཡོད་པ་དང་ ཁོང་གིས་བཟའ་ཟླ་དང་བུ་གཉིས་འཛིན་བཟུང་དོ་དམ་བྱས་པའི་གནས་ཚུལ་ཐོས་པའི་རྗེས་རྒྱ་ནག་གཞུང་ཕྱོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་བཙོན་ཁང་ནང་ཟས་བཅད་ངོ་རྒོལ་བྱས་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཡོད་པའི་སྐོར་འབྲེལ་ཡོད་ནང་མིས་ཕ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་འདུག ཧ་དྭ་ཡི་བུ་ཨུ་ལེསི་ཡིས་དུག་རྫས་ནག་ཚོང་རྒྱབ་པའི་ཉེས་བཙུགས་ཐོག་ནས་ཕྱི་ཟླ་བཞིའི་ཚེས་༡༥ཉིན་ཁྲིམས་ཞིབ་བྱ་རྒྱུ་ནང་མི་སྤུན་མཆེད་ཚོར་བརྡ་ཐོ་བཏང་ཡོད་ཀྱང་རྗེས་སུ་ཁྲིམས་ཞིབ་ནར་འགྱངས་བྱས་ཏེ་ད་ལྟ་ཡང་ཁྲིམས་ཞིབ་ག་དུས་བྱེད་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད་ ནང་སོག་མི་རིགས་ཀྱི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཧ་དྭ་ཡིས་ནང་སོག་མི་རིགས་ཀྱི་ཐོབ་ཐང་ལྷན ཚོགས་ཞེས་པ་ཞིག་བཙུགས་གནང་ཡོད་པ་དང་ དེ་བཞིན་ལྷོ་སོག་པོའི་སྐད་སྒྲ་ཞེས་འི་དུས་དེབ་འགྲེམས་སྤེལ་གནང་གི་ཡོད་པར་བརྟེན་ནས་   ༡༩༩༥ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་ནག་གཞུང་གིས་དངོས་སུ་འཛིན་བཟུང་བྱས་ནས་ ༡༩༩༦ལོའི་ནང་མེས་རྒྱལ་ཁ་བྲལ་དང་སོ་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་དང་ ད་ལོ་བཙོན་འཇུག་དུས་བཀག་ཚར་ནས་བཙོན་གྲོལ་ཐོབ་པའི་རྗེས་་གཞུང་ཕྱོགས་ནས་ཁོང་དང་བཟའ་ཟླ་བུ་བཅས་ནང་མི་གསུམ་བཀག་ཉར་དོ་དམ་མུ་མཐུད་ནས་བྱས་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎