རྫ་ཆུའི་ཆུ་ཚད་དམའ་ཤོས་སུ་སླེབས་པའི་རྒྱུ་རྐྱེན།

ལྷོ་ཤར་ཨེ་ཤི་ཡའི་ནང་རྫ་ཆུ་གཙང་པོའི་ཆུ་སྨད་འཁེལ་སར་རྒྱ་ནག་གིས་གཙང་པོའི་ཆུ་ཁ་བསྒྱུར་ཡོད་པར་དོགས་པ་བྱེད་བཞིན་ཡོད་པ་རེད།

2010.03.31

༄༅༎ལྷོ་ཤར་ཨེ་ཤི་ཡའི་ནང་གི་མེ་ཀོང་གཙང་པོ་འམ་བོད་སྐད་དུ་རྫ་ཆུ་ཟེར་བའི་གཙང་པོའི་ཆུ་སྨད་འཁེལ་སར་འདས་པའི་ལོ་ཉི་ཤུའི་ནང་ཆུ་ཚད་དམའ་ཤོས་ལ་སླེབས་པའི་རྒྱུ་རྐྱེན་རྒྱ་ནག་གིས་གཙང་པོའི་ཆུ་ཁ་བསྒྱུར་ཡོད་པར་དོགས་པ་བྱེད་བཞིན་ཡོད་པ་དེར། དེ་རིང་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག།

རྒྱ་ནག་གི་ཆུའི་འབྱུང་ཁུངས་ཀྱི་བློན་ཆེན་གཞོན་པ་ལིའུ་ནིང་ཡིས་རྫ་ཆུ་གཙང་པོའི་ཆུ་སྟོད་རྒྱ་ནག་གིས་གསར་རྒྱག་བྱས་པའི་ཆུ་མཛོད་ཁག་དང་ཞིང་ཆུ་འདྲེན་གཏོང་གི་ལས་གྲྭ་དེ་ཚོས་ཐན་པའི་དཀའ་ངལ་སེལ་རྒྱུར་དངོས་སུ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་ལས། ཁོང་གིས་རྒྱ་ནག་གིས་རྒྱབ་པའི་ཆུ་མཛོད་ཁག་གིས་ཐན་པ་བསྟེན་སའི་རྒྱ་ནག་ལྷོ་ནུབ་ས་ཁུལ་སྐོར་བརྗོད་ཀྱི་ཡོད་དམ་ཡང་ན་གཞི་རྒྱ་ཆེ་བའི་ས་ཁུལ་གཞན་སྐོར་བརྗོད་ཀྱི་ཡོད་མེད་གནས་ཚུལ་ཁ་གསལ་མེད་པ་རེད།

འཛམ་གླིང་ནང་ནས་ས་ཐག་རིང་པོར་རྒྱུག་མཁན་གྱི་གཙང་པོ་རིང་ཤོས་ཨང་བཅུ་པ་ཡིན་པའི་ཛ་ཆུ་གཙང་པོའི་ཆུ་འགོ་བོད་མཐོ་སྒང་ལ་ཐུག་གི་ཡོད་པ་དང༌། མིག་སྔར་གཙང་པོ་དེའི་ནང་གི་ཆུ་ཚད་འདས་པའི་ལོ་ཉི་ཤུའི་ནང་གི་ཚུ་ཚད་དམའ་ཤོས་ལ་སླེབས་ཡོད་པའི་རྐྱེན་གྱིས་ཀེམ་སྦོ་ཌི་ཡ་ རྒྱ་ནག་ ལ་ཨོ་སི་ འབར་མ་ ཐའེ་ལེན་ཌི་ ལྦིཏ་ནམ་བཅས་ཀྱི་མི་འབོར་ས་ཡ་༦༥ཙམ་གྱི་སྲོག་རྩ་ལྟ་བུར་རྩིས་སའི་ཛ་ཆུ་གཙང་པོ་བརྒྱུད་གྲུའི་ནང་དངོས་ཟོག་འོར་འདྲེན་གྱི་བྱ་གཞག་ལ་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པའི་སྐོར་རྫ་ཆུ་གཙང་པོའི་ལས་དོན་ཚོགས་ཆུང་གིས་འགྲེལ་བརྗོད་གནང་བཞག། དུས་ཡུན་རིང་པོའི་གོང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྫ་ཆུ་གཙང་པོའི་ནང་ཆུ་ཉུང་དུ་འགྲོ་གི་ཡོད་པ་དང་དེ་མིན་མངའ་ཁུལ་གྱི་སྐྱེ་ཁམ་ལ་གནོད་འཚེ་བཟོ་མཁན་རྒྱ་ནག་ཡིན་པའི་སྐྱོན་བརྗོད་གནང་བཞིན་ཡོད་པ་ལྟར། རྒྱ་ནག་ངོས་ནང་ཀྱང་རྫ་ཆུ་གཙང་པོའི་ཆུ་སྟོད་འཁེལ་སར་ཆུ་མཛོད་ཁག་འགའ་ཤས་རྒྱབ་ཡོད་པ་མ་ཟད། ད་དུང་ཆུ་མཛོད་གསར་རྒྱག་བྱ་རྒྱུའི་འཆར་གཞི་གཏིང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎