རྒྱ་ནག་ནང་རྙོག་དྲ་ཇེ་ཆེར་འགྲོ་བར་གདོང་ལེན་བྱ་ཕྱོགས་སྐོར།

རྒྱ་ནག་རྒྱལ་ནང་གི་རྙོག་དྲའི་གནས་ཚུལ་ཇེ་ཆེར་འགྲོ་བཞིན་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་གདོང་ལེན་མཐིལ་ཕྱིན་བྱེད་རྒྱུ་ཡིན་ལུགས།

2011.02.22

༄༅༎རྒྱ་ནག་གི་ཐོག་འཁོན་འཛིན་བྱེད་མཁན་གྱི་ནུབ་ཕྱོགས་པའི་དབང་ཤུགས་ཀྱིས་རྐྱེན་པས་རྒྱ་ནག་རྒྱལ་ནང་གི་རྙོག་དྲའི་གནས་ཚུལ་ཇེ་ཆེར་འགྲོ་བཞིན་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་གདོང་ལེན་མཐིལ་ཕྱིན་བྱེད་རྒྱུ་ཡིན་ལུགས་ རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པའི་ཁྲིམས་དང་སྒྲིག་འཛུགས་སྡེ་ཚན་གྱི་དཔོན་རིགས་མཐོ་གྲས་ཤིག་གིས་བརྗོད་འདུག།

དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དང་ཁྲིམས་ཀྱི་ལས་དོན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཁྲན་ཇི་པིང་གིས་ནུབ་ཕྱོགས་མང་གཙོའི་ཡུལ་གྲུ་ཁག་གིས་རྒྱ་ནག་ལ་དུས་ཟིང་སློང་ཐབས་བྱེད་བཞིན་པར་ཉེན་བརྡའི་གཏམ་བཤད་ཤུགས་ཆེ་བྱས་པ་ཞིག་Outlook Weeklyཞེས་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་བཏོན་པའི་བདུན་རེའི་དུས་དེབ་དེའི་ནང་བཀོད་འདུག།

ཁྲན་ཇི་པིང་གིས་ དེང་སྐབས་བྱང་ཨཕ་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ་མང་དག་ཅིག་གི་ནང་མི་དམངས་སྒེར་ལངས་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐོར་གང་ཡང་བརྗོད་མེད་ཅིང་ ཁོང་གིས་གཏམ་བཤད་དེ་ནས་རྒྱ་ནག་དམར་ཤོག་ཚོགས་པས་སེམས་འཚབ་བྱེད་ཡུལ་གཙོ་བོ་ནི་རྒྱ་ནག་རྒྱལ་ནང་གི་གནས་ཚུལ་ཁག་ཡིན་པ་གསལ་པོར་བཏོན་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས་ ཏུ་ནི་ཤི་ཡ་དང་ ཨི་ཇིཔཏ་ནང་མང་ཚོགས་སྒེར་ལངས་ཀྱི་ལས་འགུལ་ཐོག་ནས་ ཡུལ་དེ་གཉིས་ཀའི་འགོ་འཁྲོད་འཕོ་འགྱུར་བཏང་པའི་དོན་རྐྱེན་གྱི་དབང་གིས་ ཁྲན་ཇི་པིང་ལྟ་བུ་རྒྱ་ནག་དམར་པོའི་གཞུང་གི་འགོ་འཁྲིད་ཚོར་གནས་ཚུལ་དེ་རིགས་རྒྱ་ནག་ནང་མི་ཡོང་བ་འགོག་ཐབས་ཕྱོགས་ཡོངས་ནས་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེ་ཡོང་གི་ཡོད་པ་བརྗོད་བཞིན་ཡོད་པ་རེད།

ཁྲན་ཇི་པིང་གི་གཏམ་བཤད་དེའི་ནང་ རྒྱ་ནག་ནང་མི་དམངས་ཀྱི་ངོ་རྒོལ་ཁྲོམ་བསྐོར་གྱི་ལས་འགུལ་མུ་འཐུད་མང་དུ་འགྲོ་བཞིན་པ་དང་ ཁྲིམས་འགལ་ནག་ཉེས་ཀྱི་ལས་དོན་མང་དུ་འགྲོ་བཞིན་པ་ དེ་བཞིན་ཕྱི་ཕྱོགས་ཀྱི་དགྲ་བོར་ཁ་གཏད་གདོང་ལེན་ཤུགས་ཆེ་བྱེད་བཞིན་པ་སོགས་དཀའ་རྙོག་མང་དག་ཅིག་ཡོད་བཞིན་པ་དེ་དག་ དུས་ཚོད་ཐུང་ངུ་ཞིག་གི་ནང་མེད་པ་བཟོ་ཐུབ་རྒྱུ་མིན་པ་བརྗོད་པ་དང་ཆབས་ཅིག་ རྒྱ་ནག་གཞུང་ཕྱོགས་ནས་དཀའ་ངལ་དེ་རིགས་ལ་གདོང་ལེན་བྱ་རྒྱུར་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་འཆར་གཞི་ཞིབ་ཕྲ་གཏན་བེབས་བྱ་རྒྱུ་ཡིན་པ་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎