རྒྱ་ནག་ནང་ཨེ་ཙི་ནད་པ་འབུམ་དྲུག་དང་ཕྱེད་ཀ་ལྷག་འདུག


2016.12.02
རྒྱ་ནག་ནང་གི་ནད་གཡོག་མ་ཞིག རྒྱ་ནག་ནང་གི་ནད་གཡོག་མ་ཞིག
XINHUA

རྒྱ་ནག་ནང་ལ་གཉན་ནད་རེག་དུག་གམ་ཨེ་ཙི་ནད་པ་མི་གྲངས་ཁྲི་༦༥་ཙམ་ཡོད་པ་གཞུང་ཕྱོགས་ཀྱིས་སྡོམ་རྩིས་རྒྱབ་འདུག
དེ་ཡང་ལོ་རེའི་སྤྱི་ཟླ་༡༢་བའི་ཚེས་༡་ཉིན་ནི་འཛམ་གླིང་གི་གཉན་ནད་རེག་དུག་གམ་ཨེ་ཙི་ནད་ཀྱི་དྲན་གསོའི་ཉིན་མོ་ཡིན་ཞིང་། ཨི་ཕི་གསར་ལས་ཁང་གིས་རྒྱ་ནག་གི་ཨེ་ཙི་ནད་ཀྱི་སྐོར་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་ཏུ་ཨེ་ཙི་ནད་འགོག་གི་གནས་སྟངས་ཡག་པོ་མེད་པ་དང་། རྒྱ་ནག་ཏུ་ཨེ་ཙི་ནད་གཞི་ཡོང་ས་དེ་བརྒྱ་ཆ་༩༠་ཙམ་ཕོ་མོའི་ལུས་འབྲེལ་ལས་འགོས་ཁྱབ་བྱུང་བ་ཡིན་པ། ད་ལྟའི་ཆར་རྒྱ་ནག་ནང་ཨེ་ཙི་ནད་པ་ཁྲི་༦༥་ཙམ་ཡོད་པ་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་རྒྱབ་ཡོད་པ་དང་། ཨེ་ཙི་ནད་ཀྱི་ཉེན་ཚབས་དང་སྔོན་འགོག་བྱ་ཐབས་ཀྱི་དྲིལ་བསྒྲཊ་གལ་གནད་ཆེན་པོར་གྱུར་ཡོད་པ་རེད།
འདི་ལོའི་ཟླ་༩་བར་རྒྱ་ནག་ཏུ་ཨེ་ཙི་ནད་པ་ཁྲི་༦༥་དང་བཞི་སྟོང་ཡོད་པ་དང་། རིམ་གསོག་བསྡོམས་རྩིས་ལྟར་ན། ཨེ་ཙི་ནད་པ་ཁྲི་༢༠་དང་ཆིག་སྟོང་ཙམ་ཤི་བ་དང་། ནད་གཞི་ཡོང་རྐྱེན་ཡང་བརྒྱ་ཆ་༩༤་ཙམ་ཆག་སྲེད་འཁྲིག་སྤྱོད་ལས་བྱུང་བ་ཡིན་པ་ཧོང་ཀོང་ཤར་ཕྱོགས་ཚགས་པར་གྱིས་གནས་ཚུལ་སྤེལ་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་ཨེ་ཙི་འཆར་འགོད་ལས་ཁང་དང་། འཛམ་གླིང་འཕྲོད་བསྟེན་ཁང་གིས་ཚོད་དཔག་བྱས་པའི་འབྲས་བུར། ན་ནིང་ལོ་མཇུག་བར་རྒྱ་ནག་ཏུ་ད་གནས་ཨི་ཙི་འགོས་ནད་ཕོག་པའི་ནད་པ་ཁྲི་༩༥་ཡིན་པ་དང་། འགོས་ཁྱབ་འགྲོ་ཚད་བརྒྱ་ཆ་གྲངས་ཆུང་དྲུག་ཙམ་ཟིན་པ། ཨེ་ཙི་ནད་པའི་ཁྲག་བླུག་པ་དང་། ཉལ་ཐ་སྨན་ཁབ།  ཕ་མའི་འོ་མ་འཐུང་བ་བཅས་བརྒྱུད་ནས་ཨེ་ཙི་འགོས་ཁྱབ་ཀྱིས་འདས་གྲོངས་སུ་གྱུར་བའི་གྲངས་འབོར་ཉུང་རུ་ཕྱིན་པ་ཡིན་ནའང་ཕོ་མོའི་ལུས་འབྲེལ་ལས་ཨེ་ཙི་འགོས་ཁྱབ་ཕྱིན་པ་སྔར་བཞིན་མངོན་གསལ་དོད་པོ་ཡོད་པའི་མཇུག་བསྡོམས་རྒྱབ་ཡོད་པ་མ་ཟད། རྒྱ་ནག་ཏུ་ཨེ་ཙི་ནད་པ་གསུམ་ཆ་གཅིག་ཙམ་གྱིས་རང་ལ་ཨེ་ཙི་ནད་འགོས་ཁྱབ་བྱུང་བ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ལྷག་པར་དུ་རྒྱ་ནག་ཏུ་ཨེ་ཙི་ནད་པར་མཐོང་ཆུང་ཕོག་གི་ཡོད་པ་རྒྱ་ནག་གི་ཁྲིམས་རྩོད་པ་༦༠་ལྷག་གིས་རྒྱ་ནག་གཞུང་ལ་ཡི་གེ་བཏང་ཡོད་པ་རེད།
ཡང་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཕལ་ཆེར་སྔར་བས་ཕྲུ་གུ་སྐྱེ་འཕེལ་གྱི་སྲིད་ཇུས་ལྷུ་ཡང་དུ་གཏོང་རྒྱུ་འམ་ཐ་ན་ཕྲུ་གུ་སྐྱེ་འཕེལ་གྱི་ཚད་འགག་མེད་པ་བཟོས་ཏེ་ཕྲུ་གུ་སྐྱེས་ཚད་དམའ་བ་ལས་གཡོལ་ཐབས་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཡང་ཡོང་བཞིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎