དཀྱིལ་ཤར་ཡུལ་གྲུའི་དཀའ་རྙོག་ཆེ་རུ་འགྲོ་རྒྱུར་ཉེན་བརྡ།

རྒྱ་ནག་གི་གསར་ཤོག་ནང་ཨ་མི་རི་ཀས་པེ་ལེསི་ཀྲིན་བེད་སྤྱོད་བཏང་སྟེ་དཀྱིལ་ཤར་ཡུལ་གྲུའི་ནང་གི་དཀའ་རྙོག་ཛ་དྲག་ཆེ་རུ་འགྲོ་རྒྱུའི་ཉེན་བརྡ།

2011.09.16

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་འབྲེལ་གྱི་དབྱིན་ཡིག་གསར་ཤོག་ཅིག་ཐོག། ཨ་མི་རི་ཀས་དམིགས་བསལ་གྱི་ཐོབ་དབང་བེད་སྤྱོད་བཏང་སྟེ། པེ་ལེསི་ཀྲིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱ་རྒྱུར་བཀག་འགོག་བྱས་ན། དཀྱིལ་ཤར་ཡུལ་གྲུའི་ནང་གི་དཀའ་རྙོག་ཛ་དྲག་ཆེ་རུ་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་ཕྱོགས་ནས་པེ་ལེསི་ཀྲིན་གྱི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་གནང་གི་ཡོད་ཀྱང༌། པེ་ལེསི་ཀྲིན་གྱི་སྲིད་འཛིན་མའ་མུརྡ་ཨ་སྦ་སེ་ཡིས། གཟའ་འཁོར་རྗེས་མའི་རེས་གཟའ་པ་སངས་ཉིན་ཁོང་གི་རྒྱལ་ཁབ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་རྒྱུར་དངོས་སུ་རེ་འདུན་སྙན་ཞུ་འབུལ་རྒྱུ་ཡིན་པར་བརྟེན། རྒྱ་ནག་ཕྱོགས་ནས་དམིགས་བསལ་ཨ་མི་རི་ཀར་ཉེན་བརྡ་བཏང་སྟེ། གལ་ཏེ་ཨ་མི་རི་ཀས། འཛམ་གླིང་གི་སྣང་ངོར་རྙོགས་དྲ་་མུ་མཐུད་གནས་རྒྱུར་འདེམས་ཀ་བྱེད་པའམ་པེ་ལེསི་ཀྲིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་འཛུལ་ཞུགས་བྱེད་པར་བཀག་འགོག་བྱས་ན། ཨི་སི་རེལ་གྲོགས་མེད་ཁེར་རྐྱང་དུ་གནས་རྒྱུ་ཙམ་དུ་མ་ཟད། ཨི་སི་རེལ་དང་པེ་ལེསི་ཀྲིན་ཡུལ་གྲུའི་དཀའ་རྙོག་ཆེ་རུ་འགྲོ་རྒྱུ་ཡིན་པ་བཤད་ཡོད་པ་རེད། པེ་ལེསི་ཀྲིན་ངོས་ནས། གཟའ་འཁོར་རྗེས་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་རྒྱུར་དངོས་སུ་རེ་འདུན་གྱི་ཞུ་སྙན་ཞུ་རྒྱུའི་འཆར་གཞི་དེ་ནི། ཨི་སི་རེལ་ཡིས་པེ་ལེསི་ཀྲིན་གྱི་བདག་དབང་གི་ས་ཆའི་ཐོག་ཨི་སི་རེལ་གྱི་མི་དམངས་གཞིས་ཆགས་འཛུགས་སྐྲུན་བྱེད་པའི་རྩོད་གཞིའི་གནད་དོན་ཐོག་ཕྱོགས་གཉིས་ཕན་ཚུན་གྱི་དབུ་ཁྲིད་མཇལ་འཕྲད་ཀྱིས་ཐད་ཀར་ཞི་བའི་གྲོས་མོལ་བྱུང་ནས་ལོ་གཅིག་ཕྱིན་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང༌། འོན་ཀྱང་ཨི་སི་རེལ་ཕྱོགས་ནས། པེ་ལེསི་ཀྲིན་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་ཞུགས་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་པ་བཞིན། གཟའ་འཁོར་རྗེས་མའི་རེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ཨི་སི་རེལ་ཡི་སྲིད་བློན་སྦེན་ཇ་མིན་ནེ་ཏེན་ཡ་ཧུ་ཡིས་བཀག་འགོག་གི་གསུང་བཤད་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎