རྒྱ་ནག་གིས་གཞུང་གཉེར་ཁེ་གཉེར་ལས་ཁང་ཁག་བཅོས་བསྒྱུར།


2015.09.09
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་པེ་ཅིང་གི་དམག་དཔུང་རུ་བསྒྲིགས་སྐབས། ༢༠༡༥།༩།༣ རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་པེ་ཅིང་གི་དམག་དཔུང་རུ་བསྒྲིགས་སྐབས། ༢༠༡༥།༩།༣
AFP

རྒྱ་ནག་གཞུང་གིས་གཞུང་གཉེར་ཁེ་གཉེར་ལས་ཁང་ཁག་ལ་གཞི་རྒྱ་ཆེ་བའི་བཅོས་བསྒྱུར་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་རེད།
དེ་རིང་ཧྥ་རན་སིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་གཞུང་གཉེར་ཁེ་གཉེར་ལས་ཁང་ཁག་ལ་གཞི་རྒྱ་ཆེ་བའི་བཅོས་བསྒྱུར་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང་། འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་ཡིན་པ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་མ་ཟད། འདི་ལོའི་ཕྱི་ཟླ་དྲུག་པའི་ནང་མ་ཤེར་ཚོང་ར་མར་ཆག་པའི་རྗེས་སུ་ད་ལྟའི་ཆར་ཡང་བརྟན་པོ་མེད་པ་ཆགས་པ་དེར་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་ཐེ་བྱུས་བྱ་རྒྱུའི་རྐྱེན་རྩ་ལངས་པ་དང་། གཞུང་གི་ཐེ་བྱུས་དེ་ནི་ཁྲོམ་རར་གནོད་སྐྱོན་གཏོང་གཞི་ཞིག་ཡིན་པའི་མཐོང་ཚུལ་ཡོད་འདུག
རྒྱ་ནག་ནང་གི་དྲ་རྒྱ་ཁག་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པ་དེའི་ནང་། རྒྱ་གཞུང་གིས་གཉེར་བའི་ཁེ་གཉེར་ལས་ཁང་གི་སྡེ་ཚན་གཅིག་ཕྱིར་འཐེན་བྱ་རྒྱུ་དང་། སྡེ་ཚན་གཅིག་བསྐྱར་སྒྲིག་བྱ་རྒྱུ། སྡེ་ཚན་གཅིག་ལེགས་བཅོས་བྱ་རྒྱུ་ཞེས་བཀོད་ཡོད་རུང་ཞིབ་ཕྲའི་གནས་ཚུལ་གསལ་ཁ་བཏོན་མེད་པ་རེད། ཤོག་གྲངས་༢༠་ཡོད་པར་ཚོད་དཔག་བྱས་པའི་གོང་ཞུས་རྒྱ་ནག་དམར་ཤོག་ཚོགས་པའི་ཡིག་ཆ་དེའི་ཤོག་གྲངས་དང་པོ་དགུ་ཡི་འདྲ་གཟུགས་རྒྱ་ནག་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་ཐོན་ན་ཡང་དེ་དག་ཁུངས་ལྡན་ཡིན་མིན་དང་། བྱུང་ཁུངས་ག་ནས་ཡིན་མིན་ཤེས་རྟོག་མེད་པ་རེད། ཡིན་ནའི་ཡིག་ཆ་དེའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གི་དཔོན་རིགས་ཤིག་ནས། རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པས་གཞུང་གིས་གཉེར་བའི་ཁེ་གཉེར་ལས་ཁང་ཁག་བཅོས་བསྒྱུར་གཏོང་རྒྱུའི་ལམ་སྟོན་ལ་ཆོག་མཆན་སྤྲད་པ་དེ་བཞིན་གང་མགྱོགས་གསལ་བསྒྲགས་བྱ་རྒྱུ་ཡིན་ལུགས་བཤད་པའི་རྗེས་སུ་ཐོན་ཡོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎