རྒྱ་ནག་གཞུང་གིས་ཨ་ཕི་རི་ཀར་དངུལ་བུན་བཏང་བ།
2009.11.09
༄༅༎རྒྱ་ནག་གཞུང་གིས་ཨ་ཕི་རི་ཀར་དངུལ་བུན་ཨ་སྒོར་ཐེར་འབུམ་བཅུ་སྤྲོད་རྒྱུའི་ཁས་ལེན་བྱས་པའི་རྗེས་སུ་དེ་རིང་ཡང་བསྐྱར་གླིང་ཕྲན་དེའི་སོ་ནམ་ཞིང་ལས་དང་འཛུགས་བསྐྲུན་ཡར་རྒྱས་ལ་རོགས་རམ་ཆ་ཚང་བྱ་རྒྱུའི་ཁས་ལེན་ཡང་བྱས་འདུག
རྒྱ་ནག་གི་ཚོང་དོན་བློན་ཆེན་ཁྲེན་ཏེ་མིང་ནས་རྒྱ་ནག་གཞུང་གིས་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་ནང་སོ་ནམ་ཞིང་ལས་ཀྱི་ཐོན་སྐྱེད་དང་འཛུགས་བསྐྲུན་ལས་གཞི་ཁག་ལ་མཐུན་འགྱུར་རོགས་རམ་ཆ་ཚང་བྱ་རྒྱུ་དང་ཨ་ཕི་རི་ཀའི་ནང་གི་སོ་ནམ་ཞིང་ལས་པ་ཉིས་སྟོང་ལྷག་ལ་ཞིང་ལས་དང་འབྲེལ་བའི་བཟོ་རྩལ་རིག་གནས་སྦྱོང་བརྡར་སྤྲོད་མཁན་རྒྱ་མིའི་མཁས་པ་ཚོགས་ཁག་ལྔ་བཅུ་གཏོང་རྒྱུ་ཡིན་ལུགས་དེ་རིང་ཨ་ཇིབཏི་ཡི་གྲོང་ཁྱེར་ཤམ་ཨེལ་ཤིཀ་ཞེས་པའི་ནང་རྒྱ་ནག་དང་ཨ་ཕི་རི་ཀའི་མཉམ་འབྲེལ་ཞེས་པའི་ཚོགས་འདུའི་ཐོག་བརྗོད་འདུག་ལ་ཡང་ཁོང་གིས་ཨ་ཕི་རི་ཀའི་ནང་སློབ་གྲྭ་དང་སྨན་ཁང་ ལམ་ཆེན་གསར་རྒྱག་དང་དེ་བཞིན་གློག་གི་ལས་འཆར་ཁག་ལ་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་འདུག གོང་ཞུས་རྒྱ་ནག་དང་ཨ་ཕི་རི་ཀའི་མཉམ་འབྲེལ་ཚོགས་འདུ་ཞེས་པའི་ནང་ཁ་ས་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ནས་ཨ་ཕི་རི་ཀར་ཨ་སྒོར་ཐེར་འབུམ་བཅུ་དངུལ་བུན་གཏོང་རྒྱུའི་ཁས་ལེན་འགོ་བཙུགས་ཡོད་པའི་གནས་ཚུལ་འདུག།