རྒྱ་ནག་གིས་བལ་ཡུལ་ལ་འཛུགས་སྐྲུན་ལས་འཆར་རོགས་དངུལ།

རྒྱ་ནག་གིས་བལ་ཡུལ་ལ་གཞུང་ལམ་གསར་རྒྱག་དང་འཛུགས་སྐྲུན་ལས་འཆར་ཆེད་བལ་སྒོར་ཐེར་འབུམ་བདུན་ལྷག་རོགས་རམ་དང་དངུལ་བུན།

2011.03.02

༄༅༎རྒྱ་ནག་གིས་བལ་ཡུལ་ལ་གཞུང་ལམ་གསར་རྒྱག་དང་གཞི་རྩའི་འཛུགས་སྐྲུན་ལས་འཆར་ཆེད་བལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་དང་བྱེ་བ་བཞིའི་རོགས་རམ་དང་དངུལ་བུན་གཏོང་རྒྱུའི་ཁས་ལེན་བྱས་འདུག།

རེས་གཟའ་ཟླ་བའི་ཉིན་བལ་ཡུལ་ནང་ལྟ་སྐོར་ལ་འབྱོར་བའི་རྒྱ་ནག་གི་ཚོང་ལས་བློན་ཆེན་གཞོན་པ་ཕུའུ་ཀྲི་དབྱང་དང་བལ་ཡུལ་གྱི་ནོར་སྲིད་དྲུང་ཆེ་ར་མེཤ་ལྦོར་པར་སརྡ་ཀ་ནལ་རྣམ་གཉིས་ཀྱིས་རྒྱ་ནག་ཕྱོགས་ནས་བལ་ཡུལ་ལ་རོགས་རམ་བྱ་རྒྱུའི་མཐུན་གྲོས་ཐོག་མིང་རྟགས་བཀོད་གནང་བཞག།

རྒྱ་ནག་གིས་བལ་ཡུལ་མཉམ་མཛའ་མཐུན་གྱི་འབྲེལ་བ་གོང་མཐོར་གཏོང་རྒྱུ་དང༌། རྒྱལ་ཁབ་གཉིས་དབར་དཔལ་འབྱོར་དང་འཕྲུལ་རིགས་ལས་དོན་ཐད་མཉམ་འབྲེལ་གོང་འཕེལ་གཏོང་ཐབས་སུ་ རྒྱ་ནག་གཞུང་གིས་བལ་ཡུལ་ལ་རོགས་དངུལ་བལ་སྒོར་ས་ཡ་༥༤༧མཁོ་འདོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཕྱིར་ཚོང་ནང་འདྲེན་དངུལ་ཁང་བརྒྱུད་བལ་ཡུལ་ནང་གི་ཏྲི་ཤུ་ལི་གཙང་པོའི་ཐོག་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞིའི་དོན་དུ་དངུལ་བུན་བལ་སྒོར་ཐེར་འབུམ་བདུན་སྔ་གཡར་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཅིང༌། ཆུ་ཤུགས་གློག་ཁང་དེ་གསར་རྒྱག་ཟིན་མཚམས་བལ་ཡུལ་ནང་གློག་མི་འདེངས་བའི་དཀའ་ངལ་དེ་ཆུང་དུ་འགྲོ་རྒྱུ་ཡིན་པ་དང༌། འཛུགས་སྐྲུན་ལས་འཆར་དེ་ལོ་བཞིའི་ནང་མཇུག་སྒྲིལ་ཐུབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད། བལ་ཡུལ་གྱི་སྲིད་བློན་ཇ་ལ་ནཐ་ཀ་ནལ་ཡིས་ རྒྱ་ནག་དང་བལ་ཡུལ་མཉམ་མཐུན་གྲོས་ཁག་གསུམ་བཞག་པ་དེར་རྒྱ་ནག་གཞུང་ལ་ཐུགས་རྗེ་ཆེ་ཞུས་གནང་སྟེ། བལ་ཡུལ་ནང་གློག་ཤུགས་མཁོ་འདོན་ཐད་ད་དུང་རྒྱ་ནག་ངོས་ནས་རོགས་རམ་མང་ཙམ་བྱ་དགོས་རྒྱུའི་འབོད་སྐུལ་ཡང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎