རྒྱ་ནག་ནང་མི་མང་གིས་ངོ་རྒོལ་དང་གཞུང་གིས་དྲག་གནོན།


2016.09.13
རྒྱ་ནག་ལྷོ་ཕྱོགས་ཝུ་གྷན་གྲོང་གསེབ་ནང་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་སྐབས། ༢༠༡༦།༩།༡༢ རྒྱ་ནག་ལྷོ་ཕྱོགས་ཝུ་གྷན་གྲོང་གསེབ་ནང་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་སྐབས། ༢༠༡༦།༩།༡༢
སྤྱི་ཚོགས་དྲ་ལམ།

རྒྱ་ནག་ནང་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོའི་ཐོག་དུག་རླངས་བཏང་བ་སོགས་ཀྱི་ལམ་ནས་དམ་དྲག་བྱེད་བཞིན་ཡོད་འདུག
རྒྱ་ནག་ལྷོ་ཕྱོགས་ཝུ་གྷན་གྲོང་གསེབ་ནང་ཉེན་རྟོག་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་དུག་རླངས་བཏང་བ་སོགས་ཀྱི་ལམ་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་ཝུ་གྷན་ཞེས་པའི་གྲོང་གསེབ་ནང་མང་ཚོགས་ནས་འོས་འདེམས་བྱས་པའི་སྤྱི་ཁྱབ་པ་བདུན་ཕྲག་སྔོན་མའི་ནང་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་བཙོན་འཇུག་བྱས་པར་བརྟེན། མང་ཚོགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་འོག་ཟིང་ཆ་ལངས་ཡོད་འདུག
ཚེས་༡༣་གཟའ་མིག་དམར་ཉིན་ཉེན་རྟོག་པས་ཁག་ཅིག་གི་ཁང་པ་སྔོག་བཤེར་བྱས་པའི་མ་ཟད་མི་བཅུ་གསུམ་ཙམ་འཛིན་བཟུང་དོ་དམ་བྱས་ཡོད་ལུགས་རིའུ་ཀྲར་གསར་འགྱུར་ལས་ཁང་ལ་ས་གནས་ཡུལ་མི་ཞིག་གིས་འགྲེལ་བརྗོད་བྱས་ཡོད་འདུག
ཡང་གནས་ཚུལ་ལྟར་ན། ཉེན་རྟོག་པས་ངོ་རྒོལ་བ་ཚོའི་ཐོག་མིག་ཆུ་ཡོང་བྱེད་ཀྱི་དུག་རླངས་བཏང་བ་དང་། འགྱིག་གི་མདེའུ་འཕངས་པ་སོགས་ཀྱི་ལམ་ནས་ཁུལ་དེར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག་ལ་ཟིང་ཆའི་གནས་སྟངས་བརྙན་པར་སོགས་ཀྱང་མཐོང་རྒྱུ་ཡོད་འདུག གནད་དོན་འདིའི་ཐོག་ས་འབྲེལ་དུ་འཁེལ་བའི་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོས། རྒྱ་ནག་གཞུང་གིས་ཝུ་གྷན་ནང་དམ་དྲག་བྱས་ནས་མ་འོངས་པར་ལས་འགུལ་འདི་རིགས་མཚམས་འཇོག་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་ལུགས་སྐྱོན་བརྗོད་བྱས་འདུག གོང་ཞུས་ས་གནས་འདིར་དེ་སྔ་ཕྱི་ལོ་༢༠༡༡་ལོར་ས་ཆའི་བདག་དབང་ཐོག་གཞུང་གི་ལས་བྱེད་ཚོས་དྲང་པོ་བྱེད་ཀྱི་མེད་ལུགས་ཀྱི་རྩོད་གཞི་བྱུང་ནས་མང་ཚོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བའི་སྐབས། རྒྱལ་སྤྱིའི་ནང་ཧ་ཅང་དོ་སྣང་དང་གནས་ཚུལ་ཡོངས་གྲགས་ཆགས་ཡོད་པ་མ་ཟད། སྐབས་དེའི་ལས་འགུལ་སྣེ་འཁྲིད་མཁན་གྱི་ཉེས་མིང་འོག་འཛིན་བཟུང་བཙོན་བཅུག་དང་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎