རྒྱ་ནག་གི་སྲིད་བློན་པ་ཀི་སི་ཐན་དུ་འཚམས་འདྲི།

རྒྱ་ནག་གི་སྲིད་བློན་རྒྱ་གར་གྱི་འཚམས་འདྲི་མཇུག་སྒྲིལ་ཏེ་དེ་རིང་རེས་གཟའ་པ་སངས་ཉིན་པ་ཀི་སི་ཐན་དུ་འཚམས་འདྲིར་འབྱོར་འདུག

2010.12.17

༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་རྒྱ་གར་གྱི་འཚམས་འདྲི་མཇུག་སྒྲིལ་ཏེ་དེ་རིང་རེས་གཟའ་པ་སངས་ཉིན་པ་ཀི་སི་ཐན་དུ་འཚམས་འདྲིར་འབྱོར་བ་བཞིན། ད་རེས་ཀྱི་འཚམས་འདྲི་དེ་ནི་ཡུལ་གྲུ་གཉིས་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དེ་རིང་ལྦེན་ཅ་བའོ་པ་ཀི་སི་ཐན་མཉམ་དུ་ཚོང་ལས་མི་སྣ་ཆེས་མི་ཉུང་བ་ཞིག་ལས་གྲུབ་པའི་སྐུ་ཚབ་འཐུས་མི་དང་མཉམ་དུ་འབྱོར་ཡོད་ཅིང༌། དེར་ཉིན་གསུམ་རིང་འཚམས་འདྲི་བྱེད་རྒྱུ་དང༌། དེའི་རིང་ལ་ཡུལ་གྲུ་གཉིས་བར་ཨ་རིའི་ཊོ་ལར་ཐེར་འབུམ་༢༠ཚོང་འབྲེལ་བཙུགས་ཏེ། ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས་དང་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་གི་གཞི་ཡུལ་ཁག་ཡར་རྒྱས་གཏོང་རྒྱུ་ཡིན་པ་དང། ལྷག་པར་དུ་ལྦེན་ཅ་བའོ་ཐོག་མར་རྒྱ་གར་དུ་འཚམས་འདྲིར་བསྐྱོད་པ་དེར་རྒྱ་གར་དང་རྒྱ་ནག་གཉིས་ནི་རྩོད་རྙོག་ཅན་གྱི་ཚོང་འབྲེལ་དང་ས་ཆའི་བདག་དབང་གི་རྩོད་རྙོགས་ལྡན་པའི་འབྲེལ་ལམ་ཞིག་ཡིན་པ་དང༌། ད་རེས་པ་ཀི་སི་ཐན་དུ་འཚམས་འདྲིའི་རིང་ལ་ཡུལ་གྲུ་གཉིས་བར་ལ་ཆབ་སྲིད་ཀྱི་རྩོད་གཞི་ཉུང་བ་ཡོང་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་རིང་ལྦེན་ཅ་བའོ་པ་ཀི་སི་ཐན་དུ་འབྱོར་བའི་སྐབས། པ་ཀི་སི་ཐན་ནང་དུ་ཤི་ཡཏ་ཁ་ཆེའི་ཆོས་ལུགས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་འཁེལ་ཏེ། ཡུལ་གྲུ་དེའི་ནང་གི་མི་འབོར་གྱི་བརྒྱ་ཆ་༢༠དུས་ཆེན་དེ་སྲུང་བརྩི་ཞུ་གི་ཡོད་པ་དང༌། ན་ནིང་དུས་ཆེན་དེའི་སྐབས་རྒྱལ་ས་ཀ་ར་ཆི་ནང་ཚོགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་དེའི་ཐོག་འབར་རྫས་ཀྱི་གཏོར་རྒོལ་བཏང་སྟེ་མི་༤༣རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་བར་བརྟེན་ནས་སྲུང་སྐྱོབ་ཀྱི་ལས་དོན་དམ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ནི་ཉེ་བའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ཡང་པ་ཀི་སི་ཐན་གྱི་སྲིད་བློན་ཡུ་སར་ར་ཛ་ཇི་ལ་ནི་ཡི་པ་ཀི་སི་ཐན་གཞུང་གི་བརྙན་འཕྲིན་ཐོག་ང་ཚོ་པ་ཀི་སི་ཐན་དང་རྒྱ་ནག་ནི་དེ་སྔ་བྱུང་མྱོང་མེད་པའི་འབྲེལ་ལམ་ཞིག་ཡོད། ང་ཚོའི་མཛའ་གྲོགས་ཀྱི་འབྲེལ་ལམ་ལ་རྒྱལ་ཡོངས་མི་དམངས་ཀྱིས་སྤོབས་པ་བྱེད་ཀྱི་ཡོད། རྒྱ་ནག་ཕྱོགས་ནས་པ་ཀི་སི་ཐན་ནང་དུ་ནུས་ཤུགས་དང༌། སོ་ནམ་ཞིང་ལས། འཕྲོད་བསྟེན། རྨང་གཞིའི་འཛུགས་སྐྲུན་ལ་མ་གནས་ཨ་རིའི་ཊོ་ལར་ཐེ་འབུམ་༡༣་ལྷག་གི་ལས་དོན་འཆར་གཞི་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་དང་མ་འོངས་པའི་ལོ་ལྔའི་ནང་ལ་ཚོང་འབྲེལ་ཨ་རིའི་ཊོ་ལར་ཐེར་འབུམ་བདུན་ནས་བཅོ་བརྒྱད་བར་འཕེལ་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎