ཡུ་གུར་་མི་རིགས་ཀྱི་ཚོགས་ཆེན་ཉི་ཧོང་དུ་འཚོགས་འཆར།

ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཚོགས་ཆེན་ཉི་ཧོང་ནང་ཚོགས་ཏུ་མ་བཅུག་རོགས་ཞེས་རྒྱ་ནག་གཞུང་གིས་ཉི་ཧོང་ལ་འབོད་སྐུལ་ཞུས་བཞག

2012.04.09

༄༅༎ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཚོགས་ཆེན་ ཉི་ཧོང་ནང་ཚོགས་ཏུ་མ་བཅུག་རོགས་ཞེས་ རྒྱ་ནག་གཞུང་གིས་ཉི་ཧོང་ལ་འབོད་སྐུལ་ཞུས་བཞག དེ་ཡང་ཟླ་བ་རྗེས་མ་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་ ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཚོགས་ཆེན་ཞིག་ཚོགས་འཆར་ཡོད་པ་དང་ དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ལིའུ་ལྦེ་མིན་གྱིས་ ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ལྷན་ཚོགས་དེ་ནི་ རྒྱ་ནག་ཁ་བྲལ་དུ་གཏོང་ཐབས་ཀྱི་ལས་འགུལ་ཞིག་ཡིན་ལུགས་གསུང་འདུག་ལ་ ཁོང་གིས་ ང་ཚོས་ཉི་ཧོང་གཞུང་ལ་འདི་སྐོར་ཞུས་ཟིན་པ་ཡིན་ལ་ ཉི་ཧོང་གཞུང་གིས་ ཉི་ཧོང་གི་ས་ཐོག་ནས་རྒྱ་ནག་དུམ་བུར་གཏོང་ཐབས་ཀྱི་ལས་འགུལ་སྤེལ་དུ་མི་བཅུག་པའི་རེ་བ་ཞུ་གི་ཡོད་ཅེས་བཤད་བཞག འོན་ཀྱང་ཉི་ཧོང་ཕྱི་སྲིད་ལས་ཁུངས་ནས་འདི་སྐོར་གང་ཡང་གསུང་མིན་འདུག་། 
འཇར་མ་ཎིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ ཡུ་གུར་ ཀོང་རེ་སི་ཚོགས་པས་ འདི་ལོའི་ཚོགས་ཆེན་དེ་ཕྱི་ཟླ་༥ཚེས་༡༤ནས་༡༧བར་ཉིན་བཞིའི་རིང་ ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་བསྐོང་ཚོགས་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡིན་པ་དང་ ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་དེ་བཞིན་ཉི་ཧོང་གི་གྲོས་ཚོགས་ནང་གནང་འཆར་ཡོད་པ་རེད།  རྒྱལ་སྤྱིའི་ཡུ་གུར་ ཀོང་རེ་སི་ཚོགས་པས་གསུང་པར་གཞིགས་ན་ ལྷན་ཚོགས་ཐོག་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་ནས་སྐུ་ཚབ་འཐུས་མི་བརྒྱ་ཙམ་ཕེབས་ཀྱི་ཡོད་འདུག དེ་བཞིན་ཉི་ཧོང་གི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཀྱང་ལྷན་ཚོགས་ནང་མཉམ་ཞུགས་གནང་འཆར་ཡོད་འདུག་།  ཕྱིའི་རྒྱལ་ཁབ་ཞིག་ཏུ་ རྒྱལ་སྤྱིའི་ ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ལྷན་ཚོགས་བསྐོང་ཚོགས་གནང་རྒྱུའི་གནས་ཚུལ་གོ་མ་ཐག་ རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་ཏེ་ དེ་ནི་་ཡུ་གུར་ཁ་བྲལ་རིང་ལུགས་པར་རྒྱབ་སྐྱོར་གནང་བ་ཞིག་རེད་ཅེས་བཤད་ནས་ ཉི་ཧོང་ལ་གནོན་ཤུགས་སྤྲད་ནས་ཚོགས་འདུ་འགོག་ཐབས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎