རྒྱ་ནག་ཅེ་ནན་གྲོང་སྡེའི་སྤྱི་ཁྱབ་ལ་དཔྱད་ཞིབ་གནང་བཞིན་པ།
2016.04.06
དེ་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་བྱང་ཕྱོགས་Jinan་གྲོང་སྡེའི་སྤྱི་ཁྱབ་ནས་ལྐོག་ཟ་རུལ་སུངས་བྱས་པའི་ཐོག་དཔྱད་ཞིབ་བྱེད་འགོ་བཙུགས་ཡོད་སྐོར་དེ་རིང་རྒྱ་ནག་དམར་ཤོག་ཚོགས་པས་གསལ་བསྒྲགས་བྱས་འདུག།
རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་འཇུག་ཚོགས་ཆུང་གིས་རྒྱ་ནག་བྱང་ཕྱོགས་གྲོང་ཁྱེར་Jinan་གྲོང་སྡེའི་སྤྱི་ཁྱབ་Yang Luyu་ཡིས། སྒྲིག་ཁྲིམས་དང་བརྒལ་བའི་ནག་ཉེས་ཚབས་ཆེ་བསགས་པའི་དོགས་གཞིའི་འོག་དཔྱད་ཞིབ་བྱེད་མུས་ཡིན་ལུགས་དང་།
རང་ལོ་༥༩་སོན་པའི་Yang Luyu་ནི་ཕྱི་ལོ་༢༠༡༢་ལོེར་Jinanགྲོང་ཁྱེར་གྱི་གྲོང་སྡེའི་སྤྱི་ཁྱབ་ལ་བསྐོ་བཞག་བྱས་པ་ཞིག་ཡིན་པ་དང་། Jinan་ཞེས་པའི་གྲོང་ཁྱེར་དེ་ནི་རྒྱ་ནག་བྱང་ཕྱོགས་Shandong་ཞིང་ཆེན་གྱི་རྒྱལ་ས་ཡིན་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་འཇུག་ཚོགས་ཆུང་གིས་སྤེལ་བའི་གོང་ཞུས་བསྒྲགས་གཏམ་དེའི་ནང་། Yang Luyu་ཡིས་ཁྲིམས་བརྒལ་གྱི་བྱ་ངན་ཚབས་ཆེ་ག་རེ་བསགས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་དང་། ཁོ་པར་ཁྲིམས་རྩོད་པ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་བཀོད་མིན་འདུག།
Yang Luyu་ནི་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་བྱས་པའི་དོགས་གཞིའི་འོག་དཔྱད་ཞིབ་བྱེད་བཞིན་པའི་Jinan་གྲོང་ཁྱེར་གྱི་དཔོན་རིགས་མཐོ་ཤོས་ཨང་གཉིས་པ་དེ་ཡིན་ཞིང་ ཁོ་པའི་གོང་ལ་གྲོང་ཁྱེར་དེའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོ་Wang Min་གིས་ཀྱང་ཁྲིམས་དང་སྒྲིག་གཞི་བརྒལ་བའི་ནག་ཉེས་ཚབས་ཆེ་བསགས་པའི་ཉེས་མིང་འོག་སྔ་ལོའི་ཕྱི་ཟླ་༡༢་པའི་ནང་ནས་བཟུང་དཔྱད་ཞིབ་བྱེད་མུས་ཡིན་འདུག།
ཧྲན་ཏུང་Shandong་ཞིང་ཆེན་ནི་སྤྲིན་བལ་དང་གྲོའི་ཐོན་སྐྱེད་ཆེ་བའི་རྒྱ་ནག་གི་ཞིང་ཆེན་ཆེ་ཁག་ཅིག་ཡིན་སྟབས་ཞིང་ཆེན་དེའི་ནང་ཉི་ཧོང་དང་ལྷོ་ཀོ་རི་ཡས་མ་རྩ་འབོར་ཆེན་འཛུགས་ཡུལ་ཞིག་ཀྱང་ཡིན་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།