ཨ་རིའི་སྲིད་འཛིན་ལ་རོགས་རམ་ཡོང་བའི་འབོད་སྐུལ།

རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོགས་པ་ཞིག་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མའི་ངོས་ནས་ཁོང་ཚོར་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག

2009.11.10

༄༅༎རྒྱ་ནག་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་ཞིག་གིས་ཁོང་ཚོའི་ཐོག་རྒྱ་ནག་གཞུང་གིས་ཚུལ་མིན་དམ་བསྒྲགས་བྱེད་བཞིན་པར་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མའི་ངོས་ནས་ཁོང་ཚོར་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག

རྒྱ་ནག་ནང་ཆབ་སྲིད་ཀྱི་དུས་ཚེས་གལ་འགངས་ཆེ་བའི་སྐབས་དང་ཕྱིའི་ཡུལ་གྲུ་ཁག་གི་དཔོན་རིགས་གལ་ཆེའི་འཚམས་གཟིགས་སོགས་ཀྱི་སྐབས་རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་ཐ་དད་བཟུང་མཁན་ཚོའི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་སྲོལ་ཡོད་པ་རེད།

གཟའ་མིག་དམར་ཉིན་པེ་ཅིང་གྲོང་ཁྱེར་ནང་གི་སྤྱི་གླིང་ཞིག་གི་ནང་མི་གྲངས་སུམ་ཅུ་སྐོར་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཞིང་དེའི་ཁོངས་སུ་རྒྱ་ནག་ནང་སྡོད་ཁྱིམ་ཐོབ་ཐང་འཐབ་རྩོད་བྱེད་མཁན་ཡང་ཅིའུ་ཡུ་ཟེར་བ་ཞིག་གིས་ང་ཚོས་འདིར་འཛོམས་དགོས་དོན་ནི་ཨོ་སྦ་མ་ནི་རང་དབང་དང་མང་གཙོ་ལྡན་པའི་ཡུལ་གྲུ་ཞིག་གི་སྲིད་འཛིན་ཡིན་ཞིང་ཁོང་རྒྱ་ནག་ཏུ་ཕེབས་ཀྱི་ཡོད་པར་བརྟེན་ང་ཚོའི་ཐོག་རྒྱ་ནག་གཞུང་ཕྱོགས་ནས་ནམ་རྒྱུན་དམིགས་བསལ་དུས་ཚེས་སྐབས་བྱེད་བཞིན་པར་ལྟར་ཐེངས་འདིར་ཡང་གནོན་ཤུགས་སྤྲོད་རྒྱུ་ཆེ་རུ་གཏོང་རྒྱུ་ངེས་པ་ཡིན་སྟབས་ང་ཚོས་སྲིད་འཛིན་ཨོ་སྦ་མར་རྒྱ་ནག་གི་འགོ་འཁྲིད་ཚོར་འདི་ལྟ་བུའི་དྲག་གནོན་བྱེད་དགོས་དོན་ཇི་ཡིན་བཀའ་འདྲི་གནང་རོགས་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

གཟའ་མིག་དམར་ཉིན་ངོ་རྒོལ་བྱེད་མཁན་དེ་དག་རྒྱ་ནག་གི་ས་ཕྱོགས་གང་ས་ནས་སྡོད་ཁྱིམ་གྱི་གནད་དོན་ཐད་ཞུ་གཏུག་བྱེད་པར་ཡོང་ཞིང་ཁོང་ཚོས་རྒྱ་ནག་གི་དབང་འཛིན་པ་ཚོས་ཁོང་ཚོའི་སྡོད་ཁང་གཏོར་བའམ་ཡང་ན་བཙན་འཕྲོག་བྱས་པ་སོགས་དྲང་བདེན་མིན་པའི་བྱ་སྤྱོད་སྤེལ་བཞིན་པའི་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད།

ཁོང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་སྐབས་ཨེ་པི་གསར་ལས་ཁང་གི་བརྙན་འཕྲིན་གསར་འགོད་པ་ཡང་དེ་ཕྱོགས་སུ་འབྱོར་བ་དང་བསྟུན་ངོ་རྒོལ་བ་བེུད་ཅིག་གིས་ནང་གོས་ཞིག་གི་སྟེང་ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་པའི་བརྗོད་ཚིག་ཅིག་འཁོད་པ་དེ་བསྟན་པ་དང་དུས་ཚོད་རིང་པོར་མ་སོང་བའི་རྗེས་ཉེན་རྟོག་པ་འབྱོར་སྟེ་ངོ་རྒོལ་བ་འགའ་ཤས་འཇུ་བཟུང་བྱས་ཡོད་པ་རེད། དེའི་ཁོངས་སུ་ཡང་ཅིའུ་ཡུ་ཡང་ཡོད་པ་དང་ཁོ་པ་ཉེན་རྟོག་པའི་མོ་ཊའི་ནང་བཅུག་བཞིན་པའི་སྐབས་ཡང་གི་ཁྱེད་ཚོས་ང་འཇུ་བཟུང་བྱེད་དགོས་དོན་གང་ཡིན་ནམ་ ངའི་ཐོག་ཁྲིམས་མཐུན་ཉེས་འཛུག་ག་རེད་ཡོད་ ང་བཙན་འཁྲིད་བྱེད་ཀྱི་འདུག་ཅེས་སྐད་ཤུགས་ཆེན་པོས་བརྗོད་ཡོད་པ་རེད།

ཨེ་པི་གསར་འགྱུར་ལས་ཁང་གིས་ཡང་གི་ལག་འཁྱེར་ཁ་པར་ཐོག་འབྲེལ་བ་བྱེད་ཐབས་བྱས་ཀྱང་ཁ་པར་འབྲེལ་འཐུད་བྱུང་མེད་ཅིང་ཡང་གི་བཟའ་ཟླས་ཁོ་མོ་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཡང་སོ་སོའི་བཟའ་ཟླ་ཐུག་འཕྲད་བྱེད་བཅུག་མེད་པ་ཨེ་པི་གསར་ལས་ཁང་ལ་གསལ་བཤད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎