པེ་ཅིང་ནས་ལྷ་ས་བར་བསྐྱོད་རྒྱུའི་མེ་འཁོར་དུས་འགྱངས་བྱས་པ།

པེ་ཅིང་ནས་རྒྱས་སྤྲོས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་མེ་འཁོར་བོད་ནང་གཏང་རྒྱུའི་དུས་ཚོད་ཕྱིར་འགྱངས་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ།

2009.03.16

༄༅༎པེ་ཅིང་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་བསྐྱོད་རྒྱུའི་རྒྱས་སྤྲོས་ཅན་གྱི་མེ་འཁོར་དེ་བཞིན་འཆར་གཞི་ལྟར་ན་ད་ལོ་ཕྱི་ཟླ་བཞི་པའི་ནང་དངོས་སུ་གཏང་རྒྱུ་ཡིན་ན་ཡང་ད་རེས་རྒྱས་སྤྲོས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་མེ་འཁོར་དེ་བཞིན་བོད་ནང་གཏང་རྒྱུ་དུས་སང་བར་དུས་འགྱངས་བྱས་པའི་སྐོར་ཐང་གོ་ལ་མེ་འཁོར་ཡུལ་སྐོར་སྤྲོ་འཆམ་ཚོང་དོན་ལས་ཁང་གི་མགྲིན་ཚབ་མ་ཞིག་གིས་ད་རེས་ཕྱི་ཚེས་བཅུ་དྲུག་ཉིན་པེ་ཅིང་དུ་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་དེ་ནི་ལོ་གཅིག་ནང་ཚུང་རྒྱས་སྤྲོས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་མེ་འཁོར་བོད་ནང་གཏང་རྒྱུའི་དུས་ཚོད་ཕྱིར་འགྱངས་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། པེ་ཅིང་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གཏང་རྒྱུའི་རྒྱས་སྤྲོས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་མེ་འཁོར་དེ་བཞིན་ཐང་གོ་ལ་མེ་འཁོར་ཡུལ་སྐོར་སྤྲོ་འཆམ་མཁེ་ལས་ཀྱིས་གཙོ་གཉེར་བྱེད་ཀྱི་ཡོད་པ་དང་མཁེ་ལས་ཚོང་དོན་ཁང་དེའི་སྦྱིན་བདག་ཆེ་ཤོས་ནི་ཧོང་ཀོང་གི་ཡུང་ཨན་ཡུལ་སྐོར་སྤྲོ་འཆམ་ལས་ཁང་དང་རྒྱ་ནག་རྒྱལ་གཉེར་མཚོ་བོད་མེ་འཁོར་ལས་ཁང་གཉིས་པ་རེད། རྒྱ་ནག་རྒྱལ་ནང་གི་གསར་འགྱུར་རྒྱུད་ལམ་ཁག་ཅིག་ནང་རྒྱས་སྤྲོས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་རི་ལི་བོད་ནང་གཏང་རྒྱུ་བསྐྱར་དུ་ཕྱིར་འགྱངས་བྱེད་དགོས་ཡས་དེ་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་ཀྱིས་རྐྱེན་པས་རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་བཀག་སྡོམ་བྱས་པ་དང་འབྲེལ་བ་ཡོད་པའི་སྐོར་འཁོད་ཡོད་ཅིང་དེའི་ཐོག་ཐང་གོ་ལ་མེ་འཁོར་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་མགྲིན་ཚབ་མ་དེས་བརྗོད་ན་ཐང་གོ་ལ་མཁེ་ལས་ཚོང་དོན་ལས་ཁང་དེ་བཞིན་སྲིད་དོན་དང་འབྲེལ་བ་མེད་པའི་མཁེ་ལས་ཚོང་དོན་ཁང་ཁོ་ན་ཞིག་ཡིན་པར་བརྟེན་གོང་ཞུས་གནས་ཚུལ་དེ་རིགས་དང་འབྲེལ་བ་མེད་ལུགས་དང་གཙོ་བོ་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་ཉམས་རྒུད་འགྲོ་བཞིན་པ་དེའི་ཤུགས་རྐྱེན་གྱིས་ཡིན་པ་འགྲེལ་བརྗོད་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎