རྒྱ་ནག་གིས་བོད་ནང་གི་དམག་མིའི་དབང་ཚད་མཐོ་རུ་གཏོང་རྒྱུ།


2016.05.13
སྲིད་འཛིན་ཞེ་ཅིན་ཕེན་གྱིས་དམག་མི་རྣམས་ལ་འཚམས་འདྲི་ཞུ་བཞིན་པ། ༢༠༡༥།༡།༢༩ སྲིད་འཛིན་ཞེ་ཅིན་ཕེན་གྱིས་དམག་མི་རྣམས་ལ་འཚམས་འདྲི་ཞུ་བཞིན་པ། ༢༠༡༥།༡།༢༩
དྲ་བཤུས ཤིན་ཧ།

རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་རྒྱ་ནག་གི་དམག་དཔུང་གི་དབང་ཆའི་ནུས་པ་ཆེ་རུ་གཏོང་ཐབས་ཀྱིས་རྒྱ་ནག་གི་དམག་དཔུང་མུ་མཐུད་ནས་བོད་ནང་དམག་དོན་ལས་དོན་བསྒྲུབ་རྒྱུའི་འཆར་གཞི་བཏོན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་བོད་སྡོད་དམག་སྤྱི་ཁང་གི་དབང་ཆའི་ཚད་གཞི་རིམ་པ་གཅིག་རྒྱ་ནག་གི་ཞིང་ཆེན་གཞན་ལས་མཐོ་བ་བཟོ་རྒྱུ་མ་ཟད། བོད་སྡོད་དམག་སྤྱི་ཁང་དེ་བཞིན་མི་དམངས་བཅིངས་གྲོལ་དམག་གི་བཀོད་བྱུས་འོག་གནས་རྒྱུ་ཡིན་པ་ཚེས༡༣ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་ཡོད་འདུག།
བོད་སྡོད་དམག་སྤྱི་ཁང་གི་ཆབ་སྲིད་ཚན་པའི་འགན་འཛིན་གཞོན་པ་ཀྲའོ་ཀྲུང་གིས། དབང་ཆའི་རིམ་པ་མཐོ་རུ་བཏང་བ་དེས་དམག་དཔུང་གི་མིང་འབོད་བྱ་སྟངས་ལ་འགྱུར་བ་འགྲོ་རྒྱུའི་ཁར། དམག་དཔུང་གི་ནུས་པ་དང་། ལས་འགན་ཡང་གཞི་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་པ་བརྗོད་ཡོད་འདུག   
ཉེ་ཆར་རྒྱ་ནག་གི་དམག་དཔུང་ལ་བསྒྱུར་བཅོས་ཀྱི་ལས་དོན་ཁྲོད། རྒྱ་ནག་གི་ཞིང་ཆེན་མང་ཆེ་བའི་དམག་དཔུང་རྒྱ་ནག་དབུས་དམག་དོན་ལྷན་ཁང་གིས་གསར་དུ་བཙུགས་པའི་རྒྱལ་སྲུང་ལས་དོན་ཚན་པའི་སྟངས་འཛིན་འོག་གནས་ཀྱི་ཡོད་པ་དང་། ཁོང་ཚོའི་ལས་འགན་གཙོ་བོ་དེ་ས་གནས་ནང་ཡུལ་དམག་བསྡུ་རྒྱུ་དང་། དེའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགན་ཡིན་ཞིང་། ཡིན་ནའི་བོད་སྡོད་དམག་དཔུང་དེ་བཞིན་རྒྱ་ནག་མི་དམངས་བཅིངས་གྲོལ་སྐམ་དམག་གིས་མགོ་ཁྲིད་འོག་གནས་རྒྱུ་ཡིན་པའི་ཐོག་ནས་བོད་སྡོད་དམག་དཔུང་གིས་མ་འོངས་དམག་དོན་གྱི་ལས་འགན་ཁུར་དགོས་ཀྱི་ཡོད་པ་གནས་ཚུལ་དེའི་ཐོག་ཤེས་རྟོགས་ཡོད་མཁན་གྱི་མི་སྣ་ཞིག་གིས་Business Standard་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག
རྒྱ་ནག་གི་དམག་དོན་གྲུབ་ཆར་འགྱུར་ལྡོག་ཕྱིན་ཡོད་པ་དང་འབྲེལ་རྒྱ་ནག་གི་ཞིང་ཆེན་རིམ་པའི་དམག་དཔུང་གི་གལ་ཆེའི་ནུས་པ་ཡང་ཆུང་དུ་བཏང་ཡོད་ཅིང་། ཡིན་ནའི་བོད་རང་སྐྱོང་ལྗོངས་དམག་དཔུང་གི་གལ་ཆེའི་གནས་བབ་མུ་མཐུད་གནས་མུས་ཡིན་པ་འབྲེལ་ཡོད་མི་སྣ་དེས་བརྗོད་འདུག་ལ། ད་དུང་མ་འོངས་ཤིན་ཅིང་ས་གནས་དམག་དཔུང་གི་ཆབ་སྲིད་གནས་བབ་ཡང་མཐོ་རུ་གཏོང་སྲིད་པའི་སྐོར་བརྗོད་འདུག   
ད་ལྟའི་ཆར་བོད་སྡོད་དམག་དཔུང་དེ་བཞིན་ཟི་ཁྲོན་ཞིང་ཆེན་ནང་ཡོད་པའི་རྒྱ་ནག་ནུབ་ཕྱོགས་དམག་སྤྱི་ཁང་གི་འོག་ཡོད་པ་དང་། རྒྱ་ནག་གི་དམག་དཔུང་ལ་འགྱུར་བཅོས་བྱས་པའི་རྗེས། བོད་ལྗོངས་དམག་དཔུང་གི་གཙོ་བོའོ་ལས་འགན་ནི་དམག་དོན་གྱི་ཐོན་ཁུངས་གྲུབ་རྒྱུ་དང་ཕྱོགས་མཚུངས་ས་གནས་ཀྱི་རྒྱལ་སྲུང་དོ་དམ་གྱི་ལས་འགན་ཁུར་རྒྱུ་ཡིན་ཞིང་། གལ་སྲིད་རྒྱ་ནག་དང་རྒྱ་གར་དབར་ས་འཚམས་སུ་དམག་དོན་གྱི་གདོང་ཐུགས་བྱུང་ཚེ་བོད་སྡོད་དམག་དཔུང་གི་ལས་འགན་ཧ་ཅང་ཆེན་པོ་ཆགས་རྒྱུ་ཡིན་པ་རྒྱ་ནག་གི་དམག་དོན་གནས་དོན་དབྱེ་ཞིབ་པ་སུང་ཀྲུང་བིང་གིས་(Business Standard)་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎