རྒྱ་ནག་དང་དཀྱིལ་ཤར་ཡུལ་གྲུ་བསྡུར་རྒྱུ་མེད་ལུགས།

རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་རྒྱ་ནག་དང་དཀྱིལ་ཤར་ཡུལ་གྲུའི་ནང་གི་ཟིང་འཁྲུག་གཉིས་དབར་བསྡུར་རྒྱུ་མེད་ལུགས་གསུངས་འདུག

2011.03.14

༄༅༎དེ་རིང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་རྒྱ་ནག་དང་དཀྱིལ་ཤར་ཡུལ་གྲུའི་ནང་གི་ཟིང་འཁྲུག་གཉིས་དབར་བསྡུར་བ་བྱེད་ཡག་མེད་སྐོར་གསུང་ཡོད་རུང། ཡུལ་ཐང་འཕར་ཆ་དང་དེ་མིན་གནད་དོན་གལ་ཆེ་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ཉེན་ཁ་བཟོ་གི་ཡོད་པའི་ངོས་ལེན་གནང་བཞག།

དེང་སྐབས་རྒྱ་ནག་ནང་བཟའ་བཅའི་ཐང་གཞི་འཕར་བ་དང༌། ལྐོག་ཟ་རུལ་སུངས༌། ཁོར་ཡུག་ཉམ་ཆགས། ཁང་པ་རྒྱབ་མཁན་ཚོས་ས་ཞིང་བཙན་འཁྲོག་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ལ་གཞུང་འཛིན་རྒྱ་ནག་དམར་ཤོག་ཚོགས་པས་གདོང་ལེན་བྱེད་བཞིན་ཡོད་པ་རེད། དེར་བརྟེན་རྒྱ་ནག་གི་འགོ་འཁྲིད་ཚོས་གོང་ཞུས་དཀའ་ངལ་དང༌། དམངས་གཙོ་མེད་པའི་གནས་སྟངས་ཀྱིས་ཀྲུ་ནི་ཤི་ཡ། ཨི་ཇིབཏ། ལི་བི་ཡ་ནང་མང་ཚོགས་ཀྱི་སྒེར་ལངས་བྱས་པའི་གནས་སྟངས་དང་གཅིག་མཚུངས་རྒྱ་ནག་ནང་དུའང་ཟིང་འཁྲུག་ལངས་སྲིད་པའི་བློ་འཚབ་དང་འཇིགས་སྣང་བྱེད་བཞིན་ཡོད་པ་རེད། འོན་ཀྱང་སྲིད་བློན་ལྦེན་ཅ་པའོ་ཡིས་ རྒྱ་ནག་དང་དཀྱིལ་ཤར་ཡུལ་གྲུའི་དབར་བསྡུར་བ་བྱས་ན་འགྲིག་གི་མེད་སྐོར་གསུང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎