༸གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གིས་གཏམ་བཤད།

༸གོང་ས་མཆོག་མཆོག་གིས་ཡང་སྲིད་ཐད་གསུངས་པ་དེར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གིས་ལན་འདེབས་བྱས་འདུག

2012.09.15

༄༅༎༸གོང་ས་མཆོག་མཆོག་གིས་ཡང་སྲིད་ཐད་གསུངས་པ་དེར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གིས་ལན་འདེབས་བྱས་འདུག
ཉེ་ལམ་༧གོང་ས་༧མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གསུང་བཤད་གནང་བའི་སྐབས། སྤྱི་ཚོགས་ཚང་མར་རང་གི་འགོ་འཁྲིད་འདེམས་རྒྱུའི་འབྱོན་སྟངས་ཡོད་པ་ལྟར། བོད་པ་ཚོས་ཀྱང་སྔར་གྱི་ལམ་སྲོལ་འགྱུར་བ་བཏང་ནས། མང་གཙོ་ལམ་ནས་རང་གི་འགོ་ཁྲིད་འདེམས་ཀྱི་ཡོད་པ་དང་། མགོན་པོ་གང་ཉིད་ཀྱིས་ཀྱང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཀྱི་མེད་པ་མ་ཟད། སླད་ཕྱིིན་སྐུ་ཕྲེང་བཅོ་ལྔ་པ་དེས་ཀྱང་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་ཐུགས་འགན་ཞེས་ཀྱི་མ་རེད་གསུངས་པ་དེར།  རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གི་ལས་བྱེད་Xu Zhitao ཡིས། ཕྱི་ལོ་ ༡༩༥༩ འི་ལོར་བོད་ནང་དམངས་གཙོ་བཅོས་འགྱུར་འགོ་འཛུགས་བྱས་པའི་རྗེས། ཏྭ་ལའི་བླ་མའི་ཆབ་སྲིད་ཀྱི་དབང་ཆ་མེད་པ་གྱུར་ཟིན་པས། ཏྭ་ལའི་བླ་མས་མི་ལོ་བརྒྱ་ཕྲག་མང་པོའི་ལམ་སྲོལ་ལ་འགྱུར་བ་བཏང་བ་ཡིན་ཟེར་བ་དེ་ནི་ཁུངས་ལུང་མེད་པའི་སྐད་ཆ་ཞིག་རེད་ཅེས་དང༌། གལ་སྲིད་ཏྭ་ལའི་བླ་མའི་མ་འོངས་པའི་རྒྱུན་འཛིན་པ་བུ་འམ་བུ་མོ་ག་འདྲ་ཞིག་ཡིན་རུང༌། དེའི་ངོས་འཛིན་བྱེད་སྟངས་རྒྱ་ནག་གི་ཁྲིམས་དང་ལམ་སྲོལ། བོད་མི་མང་གི་མངོན་འདོད་དང་མཐུན་པ་ཞིག་བྱུང་བ་ཡིན་ན། དེ་ལ་རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱབ་སྐྱོར་བྱེད་ཀྱི་རེད་ཅེས་བཤད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎