མང་གཙོ་དོན་གཉེར་བའི་ཁྲིམས་རྩོད་པ་ཁག་གཅིག་ལ་ཁྲིམས་བཤེར།


2015.07.23
རྒྱ་ནག་ལྷོ་ཕྱོགས་Guangzhouཁྲིམས་ཁང་མདུན། རྒྱ་ནག་ལྷོ་ཕྱོགས་Guangzhouཁྲིམས་ཁང་མདུན།
དྲ་བཤུས

རྒྱ་ནག་གི་མང་གཙོ་དོན་གཉེར་བའི་ཁྲིམས་རྩོད་པ་ཁག་ཅིག་གི་ཐོག་དམ་དྲག་ཆེན་པོའི་འོག་ནས་ཁྲིམས་བཤེར་བྱེད་བཞིན་ཡོད་འདུག
དེ་ཡང་རིའུ་ཀྲར་གསར་འགྱུར་ལས་ཁང་ནས་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། ད་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་ལྷོ་ཕྱོགས་Guangzhouམངའ་ཁུལ་གྱི་མི་མང་ཁྲིམས་ཁང་ནས། མང་གཙོ་དོན་གཉེར་བའི་ཁྲིམས་རྩོད་པ་Tang Jinglingདང་། Wang Qingying དེ་བཞིན་Yuan Xintingགསུམ་གྱི་ཐོག་ཁྲིམས་བཤེར་བྱེད་ཡོད་འདུག་ལ་ཁྲིམས་བཤེར་བྱེད་པའི་སྐབས་ཉེན་རྟོག་མི་སྣ་མང་པོ་ཞིག་དཔུང་འཇོག་བྱེད་ཡོད་པ་རེད། དེ་རིང་ཁྲིམས་བཤེར་བྱེད་པའི་སྐབས་སུ་ཁོང་གསུམ་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་ཞིག་ཉེན་རྟོག་པས་འཁྲིད་ཕྱིན་ཡོད་པའི་སྐོར་ཡང་གནས་ཚུལ་ངོ་སྤྲོད་བྱས་འདུག
གོང་ཞུས་ཁྲིམས་རྩོད་པ་གསུམ་ལ་དེ་རིང་ཁྲིམས་བཤེར་བྱས་པའི་ཁོངས་སུ། ལོ་ན་བཞི་བཅུ་ཞེ་བཞི་ཙམ་ལ་ཕེབས་པའི་ཁྲིམས་རྩོད་པ་Tang Jinglingསྔ་ལོའི་དབྱར་དུས་འཛིན་བཟུང་བྱས་པ་དང་། ཁོང་གིས་མང་གཙོ་དང་། བཅིངས་བཀྲོལ་ཟེར་བ་སོགས་ཀྱི་སྐོར་དེབ་འགྲེམས་སྤེལ་བྱེད་པ་མ་ཟད་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་སོགས་ཀྱི་གནད་དོན་ཐོག་མང་ཚོགས་ལ་བརྒྱུད་སྐུལ་བྱས་ཡོད་ལུགས་གང་ལྟར་གཞུང་མགོ་རྟིང་སློག་རྒྱུའི་ངན་བྱུས་བཤམས་ཡོད་པའི་གྱོད་འཛུགས་ཀྱིས་ཁྲིམས་བཤེར་བྱས་པ་ཞིག་ཡིན་འདུག གལ་སྲིད་ནག་ཉེས་ཐོན་པ་ཡིན་ན་ལོ་ངོ་བཅོ་ལྔའི་ཁྲིམས་ཆད་ཕོག་རྒྱུ་ཡིན་པ་རེད།
ཁོང་གསུམ་ནི་མངའ་ཁུལ་དེའི་ནང་ཚང་མས་མང་གཙོའི་འཐབ་རྩོད་གནང་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ཞིག་ཡིན་འདུག ཡང་ཧོང་ཀོང་ནང་གི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་གྱི་ཁྲིམས་རྩོད་པའི་མཐུན་ཚོགས་ནས་འགྲེལ་བརྗོད་བྱེད་པར་ལྟར་ན། སྔ་ལོ་དམ་དྲག་བྱེད་རྒྱུའི་ལས་འགུལ་འགོ་བཙུགས་པ་ནས་བཟུང་མི་གྲངས་ ༢༠༠ ཙམ་འཛིན་བཟུང་དོ་དམ་བྱས་ཡོད་འདུག་ལ་རྒྱ་ནག་གཞུང་ནས་དམིགས་བསལ་དོན་གཉེར་བའི་ཁྲིམས་རྩོད་པ་མང་པོ་ཞིག་ཐོག་དམ་དྲག་དང་། འཛིན་བཟུང་དོ་དམ་བྱེད་རྒྱུའི་ལས་འགུལ་སྤེལ་བ་དེས་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཨ་མི་རི་ཀའི་གཞུང་ནས་ཞི་བའི་ཐོག་ནས་རང་གི་འདོད་ཚུལ་འཐབ་རྩོད་བྱེད་མཁན་ཚོར་དམ་དྲག་བྱེད་བཞིན་པའི་གཞུང་གི་བྱ་སྤྱོད་ནི་བློ་འཚབ་འོས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎